TV
ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྐྱེ་རྒུ་མདོ་རུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ལ་བཀའ་ཁྲོལ་ཐོབ་པ། ཡུག་ཀེ་རན་ནང་གི་དམག་འཁྲུག ཨ་རིས་ཏོག་ནད་འགོག་བཅོས་ཐད་འགྲོ་གྲོན་འཕར་མ་གཏོང་འཆར་ཡོད་པ་སོགས་ཡོད། དྲ་སྣང་གི་བོད་དུ་༼བོད་ཀྱི་མདུན་ལམ་༽ཚོགས་ཆེན་ལ་དྲ་ལམ་ནས་ཐོ་འགོད་བྱ་ས། འཛམ་གླིང་མི་མང་གི་མཉམ་རུབ་ལས་འགུལ་ལ་ཞུགས་སྟངས། ༼དཔལ་ལྡན་གྱི་ཐབ་ཚང་ ༽སོགས་ཡོད། བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་དུ་༡༩༨༧་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ལྷ་སར་བོད་མིའི་ཞི་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་པར་བསྙད་ནས་ལོ་གསུམ་ལ་བཙོན་འཇུག་དང་སྔ་ཕྱིར་ལོ་༡༦ རིང་བཙོན་འཇུག་བྱས་པའི་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་དུ་བོད་པ་བཙན་བྱོལ་བ་ཚོ་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་ཉི་ཤུ་རྩ་གྲངས་ལ་ཁ་ཐོར་དུ་གནས་ཡོད་ཀྱང་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་༧གོང་ས་མཆོག་གི་དབུ་ཁྲིད་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག བོད་པ་བཙན་བྱོལ་བ་རྣམས་གཅིག་སྡུད་སྤྱི་ཚོགས་འོག་ནུས་པ་མཉམ་སྤུངས་ཐུབ་པ་ཞིག་ཏུ་གྱུར་ཡོད་པའི་སྐོར་ངོ་སྤྲོད་ཞུས་ཡོད།།