Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༡༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་བོད་ཀྱི་གནས་སྟངས་ཐད་བཀའ་སློབ་གནང་བ་དང་། ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན། རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་བརྩི། ཉི་ཧོང་དུ་རྡུལ་ཕྲན་དུས་དྲན། ཉི་ཧོང་དང་ཐེ་ཝན་དུ་རྒྱ་ནག་ལ་གདོང་ལེན་བྱེད་ཚུལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་ལྷན་དུ་བྷོ་ཊི་སྐད་ཡིག་རྒྱ་གར་རྩ་ཁྲིམས་ཀྱི་ཁོངས་སུ་ཚུད་ཐབས་ཀྱི་གལ་གནད་དང་། ཧི་མ་ལ་ཡའི་རྒྱུད་ཀྱི་མང་ཚོགས་ནས་བྷོ་ཊའི་སྐད་ཡིག་སྲུང་སྐྱོབ་གནང་དགོས་དོན་སོགས་ཀྱི་སྐོར་གླེང་མོལ་ཞུས་ཡོད། དེ་བཞིན་དུ་ཀུན་བཟང་རིག་འཛིན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་༢༠༢༢ ལོའི་ཕྱི་ཟླ་༧ ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དམིགས་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་བྱས་ཡོད་པ་དེའི་ནང་དོན་དང་དགེ་མཚན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG