TV
ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༡༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ལ་དྭགས་ཁུལ་གྱི་ཁ་ཆེ་ཆོས་གྲོགས་ཚོས་༧གོང་ས་མཆོག་ལ་གུས་མཆོད་དང་། རྒྱ་གར་གྱི་རང་བཙན་དུས་ཆེན་སྲུང་བརྩི། ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ལ་འཚམས་གཟིགས་དང་། ཨ་ཧྥེ་རི་ཀར་འདྲ་མཉམ་གྱི་ཕྱི་འབྲེལ། ཨེ་ཧྥོ་ཕི་ཡའི་ནང་མི་རིགས་གཙང་སེལ་གྱི་ལས་འགུལ་ལ་ཞིབ་དཔྱོད་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་སྦེལ་ཀོབ་ས་གནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་དང་། བོད་གནས་ལྟ་ཞིབ་ཁང་གི་འགན་འཛིནདབང་ལྡན་སྐྱབས་ལགས་དང་ལྷན་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། མདོ་སྨད་ཀྱི་ས་ཁུལ་མང་པོ་སོགས་སུ་རྒྱ་ནག་གཞུང་གིས་ནད་ཡམས་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་ཏེ་ད་ལྟ་དངོས་ཟོག་གི་རིན་གོང་ཇེ་ཆེར་འགྲོ་བཞིན་པ་དང་། མི་མང་གི་སྨྲ་བརྗོད་དང་གནས་ཚུལ་འགྲེམས་སྤེལ་སོགས་ལ་སྔར་ལས་ལྷག་པའི་དོ་དམ་བྱེད་བཞིན་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།