Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༢༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཆུ་ལོག་གི་གནོད་འཚེ་ཐེབས་མཁན་དག་གི་ཆེད་ཐུགས་སྨོན་གནང་བ་དང་། བོད་ནང་གི་ཏོག་ནད་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད། ཡུག་ཀེ་རན་ནང་གི་དམག་འཁྲུག་བྱུང་ནས་ལོ་ཕྱེད་ཕྱིན་པ། གཞོན་སྐྱེས་ཉམས་ཞིབ་པའི་ཚོགས་ཆེན། ཐེ་ཝན་མི་མང་གི་སྟ་གོན་སོགས་ཡོད། ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་བཀའ་ཤག་སྐབས་ ༡༦ བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ལས་འཆར་གྱི་དགོས་པ་རྒྱུ་མཚན་དང་གནས་བབ་སོགས་ཀྱི་སྐོར་ལ་བཀའ་མོལ་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་་ཀོ་ལིམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་མི་འབོར་ཞིབ་བཤེར་དང་སྤྱི་ཚོགས་སྲིད་ཇུས་ཐད་འབུམ་རམས་སློབ་གཉེར་གནང་མཁན་ཚེ་དབང་རིག་འཛིན་ལ་རྒྱལ་ཁབ་ཅིག་ལ་མཚོན་ན་མི་འབོར་གྲངས་བཤེར་གྱི་གལ་ཆེན་རང་བཞིན་དང་གནད་འགག་ཅི་ཡིན་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG