Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༢༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་དྭགས་ནས་ལྡི་ལིར་ཞབས་སོར་འཁོད་པ་དང་། ༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། ཡུག་ཀེ་རན་དམག་འཁྲུག་གིས་འཛམ་གླིང་ལ་ཤུགས་རྐྱེན་དང་ཨ་རིའི་རོགས་སྐྱོར་འཕར་མ། ཨ་རིའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པའི་མཇུག་འབྲས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཨ་རིའི་རླུང་འཕྲིན་གྱི་བཀོལ་ཆས་གསར་བ་དང་བརྗོད་གཞི་སྣ་ཚོགས་ཀྱི་དྲ་ལམ་སྒྲ་སྒམ། གྷུ་གྷལ་ཡིག་བསྒྱུར་དུ་བོད་ཡིག་ཚུད་ཐབས་སུ་བོད་མི་ཚོས་ཆ་ཤས་བཞེས་སྟངས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ལྟ་གྲུབ་དགེ་རྒན་གནང་མུས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་དགེ་ལེགས་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད། ནད་འགོག་སྲིད་ཇུས་དང་ཐན་པའི་དཀའ་ངལ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG