Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༣༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ་དང་། ཨུ་རུ་སུའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་གྷོར་བྷ་ཆོབ་ལ་མྱ་ངན། ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་གི་གནས་སྟངས། རྒྱ་ནག་དམར་ཤོག་ཚོགས་ཆེན་དང་ཨི་རན་གྱི་རྡུལ་ཕྲན་གྲོས་མོལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཚེ་རིང་ཟླ་བ་ལགས་དང་ལྷན་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་རྣམས་ལ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ནས་ནད་རྟགས་འདུག་པའི་མི་རྣམས་འཕྲལ་སེལ་ཟུར་བཀག་ཁང་ཁག་ཏུ་བཟའ་བཅའ་དང་སྨན་བཅོས་བྱེད་མཁན་སུ་གང་མེད་པ་སོགས་ཀྱི་གནས་ཚུལ་རིམ་པས་ཐོན་གི་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་ཨུ་རུ་སུ་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་ཟླ་དྲུག་འཁོར་ཡོད། འདས་པའི་ཟླ་དྲུག་རིང་ལ་ཨུ་རུ་སུ་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ནང་གི་རྒྱལ་ཁབ་གཉིས་ཀྱི་འགྱུར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམག་འཁྲུག་འདིའི་ནང་ཆ་ཤས་ག་འདྲ་བཞེས་ཡོད་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG