ཨ་རིའི་ཕྱི་སྲིད་དྲུང་ཆེ་ཉིན་གསུམ་རིང་ལ་རྒྱ་ནག་གི་ཧྲང་ཧེ་དང་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་ཏེ། ཞི་ཅིན་པེན་དང་ཝང་དབྱི་སོགས་ལ་མཇལ་འཕྲད་ཀྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་བྱས། ཉིན་གསུམ་གྱི་འཚམས་གཟིགས་མཇུག་སྒྲིལ་ཡང་འབྲེལ་ལམ་ཡར་རྒྱས་འགྲོ་སྲིད་པའི་མཚོན་རྟགས་མེད་པ་རེད།
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།