ཕྱི་ཟླ་ལྔ་པའི་ཚེས་ཤར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་ཀྱིས་རྒྱ་ནག་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་མཉམ་ཞུགས་དང་། ཨོ་ལིམ་ཕིག་རྩེད་འགྲན་པེ་རི་སིར་འཚོགས་འཆར་བཅས་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་གནད་དོན་གྱི་སྐོར་
ཐེ་ཝན་གྱི་འཕྲུལ་རིག་ལག་རྩལ་གྱི་མཐོ་སློབ་ཁག་ལ་ཝེ་ཏི་ནམ་སོགས་ལྷོ་ཤར་ཨེ་ཤི་ཡ་ཁུལ་ནས་རྒྱལ་སྤྱིའི་སློབ་ཕྲུག་འཛུལ་མཁན་མང་དུ་ཕྱིན་ཡོད་པ་དེ་ནི་འཕྲུལ་རིག་ལག་རྩལ་མཐོ་བའི་ཆེད་ལས་པའི་དགོས་མཁོ་སྐོང་རྒྱུ་དང་འབྲེལ་བ་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་བྷེ་ལེན་ཁེན་ཕྱི་ཟླ་༤པའི་ཚེས་༢༤ཉིན་མོ་རྒྱ་ནག་ལ་ཕེབས་འབྱོར་གནང་ཡོད་པ་དང་ཐེངས་འདིའི་གཟིགས་སྐོར་དེ་ནི་རྒྱ་ནག་དང་ཨ་རིའི་དབར་གནད་དོན་མང་དག་ཞིག་གི་ཐད་ལ་མི་མཐུན་པའི་རྩོད་གཞི་ཆེན་པོ་ཡོད་པའི་སྐབས་ཤིག་ཡིན་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་རེའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་སྔ་ལོ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ཐེར་འདོན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་གི་ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་ཁག་གི་ཡིག་སྐྱེལ་བ་དང་སྦྲག་ཁང་དུ་བསྐུར་མ་དབྱེ་གསེས་བྱེད་མཁན་ཚོས་མི་གང་ཞིག་གིས་སྦྲག་ཁང་བརྒྱུད་ནས་ཁྲིམས་འགལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དངོས་པོ་སྐུར་གྱི་ཡོད་པ་འཛིན་ཐུབ་ན་ལས་བྱེད་པ་དེར་རྒྱ་སྒོར་ཁྲི་ཚོ་༣་བྱ་དགའ་ཡོད་ཅེས་སྒྲིག་གཞི་གསར་པ་ཞིག
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༥ལ་ཕེབས་པའི་འཁྲུངས་སྐར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀིན་མཆོག་གིས་བོད་དོན་སྐོར་གླེང་མོལ་གནང་དགོས་པའི་རེ་འདུན་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པའི་སྐོར།
༄༅། །ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཇར་མི་ནིའི་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་འཐུས་མི་ལས་བྱེད་པ་ཞིག་གིས་རྒྱ་ནག་གི་དོན་དུ་གསང་མྱུལ་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། །རྒྱ་ནག་གི་ཞིང་ཆེན་གཱོང་ཏུང་ནང་ཆར་པ་ཤུགས་ཆེ་བརྒྱབས་ཏེ་མི་ཁྲི་ཕྲག་མང་པོ་ས་ཆ་བཙན་སར་གནས་སྤོ་བྱེད་དགོས་བྱུང་ཡོད་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།
༄༅། །རྒྱ་ནག་གིས་མཚོ་ཐོག་རྩོད་རྙོག་སེལ་རྒྱུའི་ཐད་མཛའ་མཐུན་གྱི་གྲོས་མོལ་བྱེད་འདོད་ཡོད་ལུགས་བརྗོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅།། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཕན་ཚུན་ཛ་དྲག་ཅན་གྱི་གནས་སྟངས་བྱུང་བཞིན་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཉེ་ཆར་ཨི་རན་གྱིས་ཨི་སི་རལ་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་གྱིས་རྒོལ་རྡུང་བྱས་པ་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་དམག་འཐབ་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པར་གྱུར་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་གྲོས་ཚོགས་འོག་མ་ནས་ཐའེ་ཝན་དང་དེ་མིན་རྒྱལ་ཁབ་གཞན་གཉིས་ཀྱི་རྒྱལ་སྲུང་གི་གྲོས་གཞིར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པར་ཐའེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་གསུངས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།