༄༅།། ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་དེའི་ཐོག་ནས་ཉམས་མྱོང་ལེན་རྒྱུ་མང་དུ་མཆིས། གལ་སྲིད་གཏོར་རྒོལ་དེ་རྒྱ་ནག་གིས་ཐེ་ཝན་ལ་བྱས་ཡོད་པ་ཡིན་ན་མཚོ་གླིང་དེར་གཏོར་ཕམ་ཚབས་ཆེན་ཕོག་ཡོད་པ་བརྗོད་ཅི་དགོས་ཞེས་གསར་འགྱུར་སྤེལ་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་པའི་ལྕགས་དང་ཧ་ཡང་རིགས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་ལྡབ་གསུམ་སྤར་དགོས་པའི་གཏམ་བཤད་གནང་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཧི་མ་ལ་ཡའི་ས་མཐོ་དང་ཐག་རིང་བྱང་ཕྱོགས་རྒྱ་གར་གྱི་ས་ཁུལ་གྱི་མི་ཚོས་གནམ་གཤིས་ལ་འགྱུར་ལྡོག་དང་ཡར་རྒྱས་ལས་གཞི། །དེ་བཞིན་རྒྱ་ནག་དང་རྒྱལ་མཚམས་ཀྱི་དངངས་འཚབ་དེ་ཡིས་བཅས་ཀྱི་ཁོང་ཚོའི་འཚོ་བར་ཉེན་ཁ་ཡོད་པའི་འཇིགས་སྣང་གནང་གི་གནས་ཚུལ་ཐོན་པ་ཞིག་ནམ་མཁའ་བསྟན་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་རྨེའུ་རུ་མ་རུ་ཆེན་བཞི་བའི་དགེ་རྒན་དོན་ཡོད་ལགས་དམར་ཤོག་ཚོགས་པའི་དགོས་མཁོ་དང་མཐུན་པའི་སློབ་ཁྲིད་བྱེད་ཀྱི་མེད་པར་བསྙད་དེ་དགེ་རྒན་གྱི་ལས་གནས་ནས་ཕྱིར་འཕུད་བཏང་འདུག་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་གནང་གི་རེད།
ཐེ་ཝན་དང་ལྟ་གྲུབ་མཐུན་པའི་རྒྱལ་ཁབ་༤༠་ལྷག་གི་སྐུ་ཚབ། འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་གྲོས་ཚོགས་འཐུས་མི་བཅས་སྐུ་མགྲོན་༤༠༠་ལྷག་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེའི་ཁྲི་སྟོན་མཛད་སྒོར་ཕེབས་ཀྱི་ཡོད་ཅེས་བསྒྲགས།
གཟའ་མིག་དམར་ཉིན་ཇར་མན་སྲིད་བློན་ཨོ་ལབ་ཤོལ་ཛི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་བའི་སྐབས་ཡུག་རེན་ནང་རྒྱག་བཞིན་པའི་ཨུ་རུ་སུའི་དམག་འཐབ་འདི་མཚམས་འཇོག་ཡོང་རྒྱུར་རྒྱ་ནག་གིས་རོགས་འདེག་གནང་དགོས་པའི་འབོད་སྐུལ་གནང་བའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
པེ་ཅིང་གི་རྒྱུག་ཐག་འབྲིང་གྲས་ཀྱི་རྒྱང་སྐྱོད་བང་འགྲན་གྱི་རྩེད་མོའི་ནང་། ཨ་ཧྥེ་རི་ཀའི་རྩེད་འགྲན་པ་གསུམ་གྱིས་རྒྱུག་རའི་ནང་ཆེད་གཉེར་གྱིས་མགྱོགས་ཚད་དལ་དུ་བཏང་ནས་རྒྱ་ནག་གི་ལུས་རྩལ་པར་རྒྱལ་ཁ་ཐོབ་བཅུག་ཡོད་པའི་བརྙན་པར་དྲ་ལམ་དུ་ཁྱབ་ནས་དོགས་གཞི་བྱུང་བའི་ཐད། རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ།
ཨུ་རུ་སུ་དང་རྒྱ་ནག་གིས་ཟངས་ཀྱི་རྒྱུ་ཆ་དག་ཕྱིར་གཏོང་བྱེད་སྐབས་བེད་སྤྱོད་མེད་པའི་རྫས་སྙིགས་སུ་བརྫུས་ནས་སྒོ་ཁྲལ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གི་དཔལ་འབྱོར་ཐད་ཀྱི་ཉེས་ཆད་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅། །ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་སོ་ལོ་མན་གྱི་འགོ་ཁྲིད་འོས་འདེམས་བྱ་རྒྱུ་དེས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གི་སྟོབས་ཤུགས་ལ་ཤུགས་རྐྱེན་འབྱུང་སྲིད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙནསྒྲོན་ཞུ་ཡི་རེད།
ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཤེར་རོ་ཌི་བྷ་རོན་ལགས་ཀྱིས་སྲིད་འཛིན་བྷ་ཌན་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ནས་རྒྱ་ནག་ནས་གློག་གི་མོ་ཏྲ་ནང་འདྲེན་རྦད་དེ་བཀག་སྡོམ་བྱ་དགོས་པའི་རེ་འབོད་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཇར་མི་ཎིའི་སྲིད་བློན་ཨཽ་ལྥྭ་ཤོལ་ཛི་ཡིས་རྒྱ་ནག་དང་ཚོང་འབྲེལ་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་སུ་དམིགས་ཏེ་རྒྱ་ནག་གི་ཉིན་གྲངས་གསུམ་གྱི་གཞུང་འབྲེལ་གཟིགས་སྐོར་ཞིག་འགོ་འཛུགས་གནང་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་དམར་ཤོག་ཚོཊ་པས་ཚོཊ་པ་ཡོངས་ཀྱི་ཁྱབ་ཁོངས་ནང་། དམར་ཤོག་ཚོཊ་པའི་སྒྲིག་ལམ་སློབ་གསོའི་ལས་འགུལ་སྤེལ་ནས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ལམ་གྱི་ཆད་པ་གཅོད་པའི་ཁྲིམས་སྲོལ་ཤེས་རྟོགས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས་སེམས་ལ་བརྟན་པོར་ངེས་པ་བྱ་རྒྱུའི་རེ་བ་བཏོན་ཡོད་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།