Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༠


ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༠
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་དོན་དང་། ༧གོང་ས་མཆོག་གིས་གཞོན་སྐྱེས་འགོ་ཁྲིད་དང་ཨ་རིའི་ནང་གི་ཐོབ་ཐང་རྩོད་ལེན་པའི་ནང་མིར་མཇལ་འཕྲད་བཀའ་མོལ། གྷ་ཛའི་དམག་འཁྲུག་ཁྲོད་ཀྱི་ར་ཧྥར་དཔུང་འཇུག ཧོང་ཀོང་གི་བདེ་འཇགས་ཁྲིམས་ཡིག་བཅས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་གདན་འདྲེན་ཞུས་ནས་ཨ་རི་དང་ཁེ་ན་ཌ་གཞུང་གཉིས་ཀྱིས་བོད་དོན་ཐོག་ལ་མཉམ་ལས་ཀྱིས་ནུས་པ་འདོན་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་དང་། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་ཧོང་ཀོང་གི་བཅའ་ཁྲིམས་དོན་ཚན་༢༣ པ་ཞེས་པ་དེ་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་དང་དེའི་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།། གཟའ་ལྷག་པ་དང་པ་སངས་ཉིན་གྱི་ཀུན་གླེང་ལས་རིམ་ནང་ཀུན་གླེང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། བརྗོད་གཞི་གལ་ཆེན་གྱི་ཐད་བགྲོ་གླེང་གི་ལེ་ཚན་བཅས་གོ་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༡ གི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༡ གི་་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG