Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

བོད་སོག་མཁས་པའི་བགྲོ་གླེང་།


བོད་སོག་མཁས་པའི་བགྲོ་གླེང་།
བོད་སོག་མཁས་པའི་བགྲོ་གླེང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང་རུ་སོག་དོན་གཅོད་ལས་ཁུངས་ཀྱིས་གཙོ་འགན་བཞེས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསུམ་ཟུང་འབྲེལ་གྱི་ཐོག་ནས་༼བོད་སོག་འབྲེལ་ལམ་༽ ཞེས། དུས་རབས་ཉི་ཤུ་ནས་བོད་སོག་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བསྐྱར་བཟོ་ཡོང་བའི་བརྒྱུད་རིམ། མ་འོངས་འཕེལ་ཕྱོགས་སྐོར་ལ ་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ཉིན་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།

སྐབས་དེར་ཚོགས་འདུའི་དམིགས་ཡུལ་སྐོར་ལ་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་མཆོག་ནས་དེ་སྔ་བོད་སོག་གཉིས་ཀྱི་འབྲེལ་བ་དེ་དུས་རབས་ཉི་ཤུ་ཙམ་ནས་ཆད་ཡོད་སྟབས། དེའི་བར་གྱི་ཕྱོགས་གཉིས་ཀའི་གནས་ཚུལ་ཕན་ཚུན་ཤེས་རྟོག་མེད་པར་གྱུར་ཡོད་ཅིང་། གཙོ་བོ་ཚོགས་འདུའི་ཐོག་ནས་གནས་ཚུལ་དེ་དག་ལ་རྒྱུས་ལོན་ཡོང་ཆེད་དུ་དམིགས་པ་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་སོག་གཉིས་ཀྱི་ཆོས་རིག་འབྲེལ་ལམ་དང་འབྲེལ་ནས་བོད་ཀྱི་ཆོས་དེ་བཞིན་བོད་ཙམ་མ་ཡིན་པར་བོད་དང་འདབས་སྦྲེལ་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་བརྡབ་གསིག་ཕྱིན་ཚེ་འདབས་སྦྲེལ་ཡོངས་ལ་དོ་ཕོག་འགྲོ་བ། མ་ཟད་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཐད་ནས་ཀྱང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ལ་འབྲེལ་བ་ཡོད་པས་གནད་དོན་དེ་དག་གལ་ཆེ་ཡིན་པ་མུ་མཐུད་བརྗོད་གནང་སོང་།

དེ་བཞིན་ད་རེས་ཀྱི་ཚོགས་འདུ་འདི་བཞིན་གལ་ཆེ་ཡིན་པ་དང་། ཕྱོགས་མཚུངས་བགྲོ་གླེང་ཚོགས་འདུ་འདིའི་ཐོག་ནས་བོད་སོག་གཉིས་ཀྱི་ཆོས་རིག་དང་ཆབ་སྲིད་ལ་ནུས་པ་སྤེལ་རེས་ལ་དོན་ཕན་ཆེན་པོ་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བརྗོད་གནང་སོང་།

གཞན་ཡང་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ལས་རིམ་ཐོག་སོག་པོའི་དགེ་རྒན་ཆེན་མོ་བ་དང་ཉམས་ཞིབ་པ། གཞུང་ཚབ་ཆེན་མོ་སོགས་མཁས་པ་ལྔ་དང་། དེ་བཞིན་བོད་པའི་ཞིབ་འཇུག་པ་དང་། ལོ་རྒྱུས་སྨྲ་བ། དགེ་བཤེས་སོགས་མཁས་པ་རྣམ་པས་ཆིང་རྒྱལ་རབས་ནས་སོག་པོ་རང་བཙན་ཆགས་པའི་བར་གྱི་བོད་སོག་འབྲེལ་ལམ་དང་། ཕྱི་ལོ་ ༡༩༡༡ ལོར་ཁལ་ཁ་རྗེ་བཙུན་དམ་པས་སོག་པོ་རང་བཙན་ཡོངས་ཁྱབ་གནང་བ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་གནང་བ་དང་ཆུ་གླང་རྩ་ཚིག གདན་ས་ཁག་ནང་སོག་པའི་བསླབ་པ་སློབ་གཉེར། ཕྱི་ལོ་ ༡༩༧༩ ནས་ ༢༠༡༦ བར་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་སོགས་དང་འབྲེལ་བའི་བརྗོད་གཞི་སྣ་མང་ཞིག་གི་ཐོག་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག

གླེང་སྟེགས།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༡
please wait

No live streaming currently available

0:00 0:00 Live
XS
SM
MD
LG