Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༣༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཕྱི་ལོ་༢༠༢༢ གསར་ཚེས་ཀྱི་དགའ་སྟོན་དང་། ཨ་རི་དང་འཛམ་གླིང་གང་སར་མི་མང་པོར་ཏོག་ནད་ཕོག་བཞིན་པ། རྒྱ་བལ་གཉིས་སུ་བོད་མི་༡༢ ལ་ནད་དུག་འགོས་པ། ཧོང་ཀོང་གི་གསར་ཁང་ཞིག་སྒོ་བརྒྱབ་པ། ཨེ་ཧྥེའོ་ཕི་ཡའི་འདས་ལོའི་ཟིང་ཆ། ཨ་རིའི་དམངས་གཙོར་ལྟ་ཚུལ། ད་རུང་གསར་འགྱུར་མདོར་བསྡུས་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་ལྷན། ༢༠༢༡ ལོར་བོད་དང་རྒྱ་ནག་ལ་བྱུང་བའི་གནས་ཚུལ་གལ་ཆེན་ཁག་ཅིག་ལ་བསྐྱར་ཞིབ་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG