Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

TV

Calendar
སྤྱི་ཟླ་དང་པོ། སྤྱི་ཟླ་གཉིས་པ། སྤྱི་ཟླ་གསུམ་པ། སྤྱི་ཟླ་བཞི་པ། སྤྱི་ཟླ་ལྔ་པ། སྤྱི་ཟླ་དྲུག་པ། སྤྱི་ཟླ་བདུན་པ། སྤྱི་ཟླ་བརྒྱད་པ། སྤྱི་ཟླ་དགུ་པ། སྤྱི་ཟླ་བཅུ་པ། སྤྱི་ཟླ་བཅུ་གཅིག་པ། སྤྱི་ཟླ་བཅུ་གཉིས་པ།
༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གྷ་ཛའི་ནང་པ་ལི་སི་ཐན་གྱི་བཀྲེས་ལྟོགས་མྱོང་མཁན་མང་པོ་ཞིག་བསད་པའི་དོན་རྐྱེན་དང་། ཡུག་ཀེ་རེན་ལ་རོགས་སྐྱོར་བྱེད་དགོས་པའི་གཞེན་སྐུལ། གུང་ཐང་རིན་པོ་ཆེའི་མཛད་རྣམ། ཨ་རིའི་སྲིད་འཛིན་འོས་བསྡུ་དང་གྷ་ཛའི་གནས་སྟངས། རྒྱ་ནག་གི་ས་ཁང་ཚོང་ལས་ཀྱི་གནས་སྟངས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༩༢ ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་མོལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་ས་གནས་མི་མང་བཅས་མི་གྲངས་ཆིག་སྟོང་ཉིས་བརྒྱ་ཙམ་འདུ་འཛོམས་སར་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་མཁན་དཀོན་མཆོག་བློ་གྲོས་ལགས་ངོ་སྤྲོད་བྱེད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྒྱ་གར་དུ་གནས་འཁོད་བཙུན་དགོན་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་སྡེ་དགེ་བ་མཁན་པོ་ཁྲིཿ འགྱུར་མེད་རྡོ་རྗེ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་གདན་འདྲེན་ཞུས་ནས་བོད་ཡུལ་སྡེ་དགེའི་ལོ་རྒྱུས་རིག་དངོས་ཤུལ་བཞག་ལ་རྩ་གཏོར་གཏོང་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG