Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

Radio

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༡་ཚེས་༢༢

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་ཨང་༤༦ པའི་དམ་འབུལ་མཛད་སྒོ་དང་། ༧གོང་ས་མཆོག་གིས་སྲིད་འཛིན་བྷ་ཌན་ལ་རྟེན་འབྲེལ་ཞུས་པ། དེ་བཞིན་དུ་སློབ་ཕྲུག་རྣམས་ལ་སྙིང་སྟོབས་ཞུམ་མེད་ཀྱི་གདོང་ལེན་དགོས་པའི་བཀའ་སློབ་གནང་བ། ཨ་རིའི་གཞུང་གསར་པའི་གནས་ཚུལ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཨ་རིའི་ལྕམ་སྐུ་དང་བོའི་གྱོན་ཆས་དང་བོད་མི་ཞིག་གི་འབྲེལ་བ། སྲིད་འཛིན་དམ་འབུལ་ཉིན་གྱི་ལེ་ཌི་གྷ་གྷ་དང་བོད་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་ལ་བལྟས་རྗེས་ཀྱི་ཚོར་སྣང་ཐད་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་མི་སེར་ཡིན་པའི་བསོད་ནམས་རྫོགས་སངས་ལགས་ལ་བཅར་འདྲི་ཞུས་པ་དང་། སྐལ་བཟང་འཇིགས་མེད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་རྒྱ་གར་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀྱི་ཕན་ནུས་དང་ཞོར་གནོད་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG