Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

Radio

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༡་ཚེས་༢༩

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་དང་། ཨ་རིའི་བྷ་ཌན་གཞུང་གསར་པས་བདུན་ཕྲག་དང་པོའི་ནང་སྲིད་ཇུས་གསར་པ་ག་རེ་གཏན་འབེབ་གནང་བ། ཕྱི་སྲིད་དྲུང་ཆེས་རྒྱ་ནག་སྲིད་ཇུས་ངོ་སྤྲོད། དཀྱིལ་ཤར་ས་ཁུལ་གྱི་དོ་སྣང་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་དཔེ་མཛོད་ཁང་གི་དེབ་གསར་དང་གློག་རྡུལ་འཕྲུལ་དེབ། ཡེ་ཤེས་དུས་དེབ་སོགས་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ལ་བོད་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་གི་ལས་འགུལ་ཐབས་ལམ་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་སྡེ་ཚན་གྱི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ལ་བསྟན་འཛིན་ཉི་མ་ལགས་མནར་གཅོད་འོག་ཚེ་ལས་འདས་པ་དང་ཤུར་མོ་ལགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་བ་ལོ་ལྔའི་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང་བ་སོགས་བོད་ནང་གི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG