Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༢

TV

Calendar
སྤྱི་ཟླ་དང་པོ། སྤྱི་ཟླ་གཉིས་པ། སྤྱི་ཟླ་གསུམ་པ། སྤྱི་ཟླ་བཞི་པ། སྤྱི་ཟླ་ལྔ་པ། སྤྱི་ཟླ་དྲུག་པ། སྤྱི་ཟླ་བདུན་པ། སྤྱི་ཟླ་བརྒྱད་པ། སྤྱི་ཟླ་དགུ་པ། སྤྱི་ཟླ་བཅུ་པ། སྤྱི་ཟླ་བཅུ་གཅིག་པ། སྤྱི་ཟླ་བཅུ་གཉིས་པ།
༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༤ ལོའི་ཟླ་༡ ཚེས་༡༩

ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་རྡོ་རྗེ་གདན་ནས་ལྡི་ལིར་ཞབས་སོར་འཁོད་པ་དང་། དཀྱིལ་ཤར་ས་ཁུལ་གྱི་དྲག་ཟིང་དང་ཨ་རིའི་སྲིད་ཇུས། གྷ་ཛའི་མ་འོངས་མདུན་ལམ། ཡུག་ཀེ་རན་གྱི་འབྲུ་རིགས་སྐྱེལ་འདྲེན་མཚོ་ལམ། ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་འབྱུང་སྲིད་པའི་སྣང་ཚུལ་སོགས་ཡོད། ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༥༩ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཁོང་ལ་ཁྱོན་མི་ལོ་ ༡༢ དང་ཟླ་བ ༦ ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་རྒན་ཐུབ་བསྟན་འོད་ཟེར་ལགས་ངོ་སྤྲོད་བྱས་ཡོད། དམིགས་བསལ་ལེ་ཚན་དུ་སེར་སྨད་གྲྭ་ཚང་གི་རྒན་བློ་བཟང་ཡོན་ཏན་ལགས་ཀྱིས་བོད་ཀྱི་དགོན་སྡེ་ཁག་གི་དུས་ཆེན་སྐབས། དགེ་འདུན་པར་གསོལ་ཇ་འདྲེན་མཁན། ཕྱག་བདེ་བ་ཚོར་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཇི་ཡོད་སོགས་ངོ་སྤྲོད་གནང་། ཀུན་གླེང་དུ་ངག་དབང་བསྟན་འཛིན་ལགས་ཀྱིས་ཟླ་འདིའི་ཚེས་༢ ནས་༡༨ བར་ཀམ་བྷོ་ཌི་ཡ་དང་ཝེ་ཊི་ནེམ་ནང་ཚོགས་པའི་གོ་ལའི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་དཔལ་སྒྲོན་ལགས་ནིའུ་ཡོག་འཕྲིན་གཏོང་ཁང་དུ་གདན་འདྲེན་ཞུས་ཏེ་མཛངས་མ་ཁོང་རྒྱ་གཞུང་གི་གནོན་ཤུགས་འོག་འགྲན་རྩོད་ནས་ཕྱིར་འཐེན་བྱེད་དགོས་བྱུང་བའི་སྐོར་བགྲོ་གླེང་ཞུ་རྒྱུ།

XS
SM
MD
LG