སྲིད་འཛིན་བྷ་ཌན་ནི་སྤྱི་ཟླ་༤ པའི་ཚེས་༡༡ཉིན་ཕོ་བྲང་དཀར་པོའི་ནང་། ཉི་ཧོང་གི་སྲིད་བློན་ཁི་ཥི་ཊ་དང་ཧྥེ་ལི་ཕིང་གི་སྲིད་འཛིན་མཱ་ཁོ་སི་གཉིས་དང་ཐུག་འཕྲད་ཀྱིས། རྒྱལ་ཁབ་ཕྱོགས་གསུམ་དབར་གྱི་ལྷན་ཚོགས་ཐོག་མ་དེ་སྐོང་འཚོགས་གནང་ནས་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་ཤུགས་རྐྱེན་རྒྱ་བསྐྱེད་ལ་ཁ་གཏད་གཅག་རྒྱུ་ཡིན་པ་རེད།
༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་ཊམ་གྱིས་མངལ་དབྱུང་གཏོང་ཆོག་མིན་སྐོར་གྱི་ཁྲིམས་ལུགས་དེ་མངའ་སྡེ་སོ་སོས་གཏན་འབེབས་བྱ་དགོས་ཚུལ་གསུང་ཡོད་པ་དེར་ཁོང་གི་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་ངོ་རྒོལ་བྱེད་བཞིན་པ་དང་། ཡིན་ནའང་ཁག་ཅིག་གིས་ཁྲིམས་ལུགས་དེ་བཞིན་འབྱུང་འགྱུར་ཨ་རིའི་རྒྱལ་ཡོངས་སུ་ལག་ལེན་བསྟར་རྒྱུའི་རེ་བ་བཅངས་ཡོད།
རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་ཟུར་པ་ཊམ་གྱི་འོས་བསྡུ་ལས་འགུལ་གྱིས་མ་དངུལ་འདུ་འགོད་ཀྱི་ལས་རིམ་སྤེལ་བའི་ནང་ཨ་སྒོར་ས་ཡ་༥༠་༥ ཞལ་འདེབས་བསྡུ་ལེན་བྱས། འོན་ཀྱང་ཉམས་ཞིབ་པ་ཁག་གིས་ཞལ་འདེབས་མ་དངུལ་བསྡུ་ལེན་གཅིག་པུས་སྲིད་འཛིན་འོས་མི་སུ་ཡིན་རུང་འོས་འདེམས་རྒྱལ་ཁ་ཐོབ་རྒྱུའི་འགན་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད།
ཨ་རི་དང་ཉེ་ཧོང་དབར་རྒྱལ་སྲུང་ཐད་མཉམ་ལས་ཤུགས་ཆེ་གནང་རྒྱུ་སོགས་ཀྱི་ཆེད་དུ་ཉེ་ཧོང་གི་སྲིད་བློན་ཕོ་བྲང་དཀར་པོའི་ནང་རྒྱལ་དོན་འཚམས་དྲིར་ཕེབས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། །ཨ་རིའི་ནོར་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གིས་འཛམ་གླིང་གི་ཁྲོམ་རའི་ནང་རང་གི་ཐོན་སྐྱེས་རིང་གོང་ཚུལ་དང་མི་མཐུན་པའི་དམའ་པོའི་རིགས་ཕྱིར་ཚོང་བྱེད་པར་ང་ཚོས་ཁས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅།། ཨ་མི་རི་ཀའི་ཝི་སི་ཀོན་སིན་མངའ་སྡེའི་གཞུང་གཉེར་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་༡༢་བར་དུ་ཨེ་ཤི་ཡའི་མི་རིགས་ཁག་གི་ལོ་རྒྱུས་སློབ་ཁྲིད་བྱ་དགོས་ཞེས་མངའ་སྡེའི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་ལྟར་མངའ་སྡེའི་སྤྱི་ཁྱབ་ཀྱིས་ཁྲིམས་ཡིག་དེར་མཚན་རྟགས་བཀོད།
ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་ཨི་སི་རེལ་གྱི་སྲིད་བློན་ནེ་ཐ་ཡ་ཧུ་ལ་ཨ་རིས་ཨི་སི་རེལ་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་མིན་དེ། ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་ཞི་བའི་མི་སེར་སྲུང་སྐྱོབ་བྱ་མིན་ལ་རག་ལས་ཀྱི་རེད་ཅེས། གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་འོས་འཕེན་པ་མང་པོས་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོའི་གནད་དོན་དེ་གལ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་བརྟེན། དེ་དོན་ཐད་སྲིད་འཛིན་འོས་མི་གཉིས་ཀྱིས་བཞེངས་ཕྱོགས་མི་འདྲ་བ་འཛིན་གྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅།། །།ཨ་རིའི་ས་ཐོག་ཏུ་འདས་པའི་མི་ལོ་༡༣ནས་༡༧རིང་ལ་ས་འོག་ལ་བག་ལ་ཉལ་མཁན་གྱི་འབུ་གཤོག་པ་ཅན་མིང་ལ་སྭི་ཁེ་ཌ་སྭེ་ཟེར་བ་ཁྲག་ཁྲིག་ཆེ་མོ་ལྷག་གིས་ས་སྟེང་ལ་འདོན་གྲབས་ཡོད་པ་ནི་མི་ལོ་བརྒྱ་ཕྲག་གཉིས་ལྷག་གི་རྗེས་སུ་དེ་རིགས་ཀྱི་བྱུང་བ་དང་པོ་ཡིན་པ་སོཊ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅།། ཨ་རིའི་མངའ་སྡེ་ཁག་ཏུ་རྒྱ་ནག་གི་སྤྱི་དམངས་དང་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་ས་ཆ་ཉོ་བཞིན་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་བརྩིས།
ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་ཕིན་གཉིས་ཀྱིས་དུག་རྫས་འགོག་རྒྱུ་དང་། དམག་དོན་འབྲེལ་ལམ། མིའི་བཟོས་རིག་ནུས་ཀྱི་ཉེན་ཁ་སོགས་ཀྱི་གནད་དོན་ཐད་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས་འདུག།
ཨ་རིའི་གྲོས་ཚོགས་འོག་མས་ཡུག་ཀེ་རེན་ཆེད་དུ་རོགས་དངུལ་ཁྲིམས་འཆར་ལ་ཆོག་མཆན་གནང་མེད་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཀྱིས་དེར་དགག་བྱ་གནང་བཞིན་ཡོད། འོན་ཀྱང་རོགས་དངུལ་ལ་བརྟེན་ནས་ཨ་རིའི་ནང་ཁུལ་དུ་ཕན་ཐོགས་འབྱུང་བཞིན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
མང་སྣོན།