སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ངེས་ཉེར་ཡོད་པ་ཊམ་གྱིས་མངའ་སྡེ་ཧྥི་ལོ་རི་ཌའི་ནང་གྲོན་དངུལ་འདུ་འགོད་ཀྱི་བྱེད་སྒོ་ཞིག་སྤེལ་པའི་ཐོག་ཁ་གཏད་སྲིད་འཛིན་བྷ་ཌན་དང་འགྲན་བསྡུར་འདིའི་ནང་གྲོན་དངུལ་གྱི་ཁྱད་པར་དེ་དག་ཁ་བསྐོང་རྒྱུར་འབད་བརྩོན་བྱེད་བཞིན་པའི་སྐོར་འདི་གའི་གསར་འགོད་པས་བཏང་པའི་གནས་ཚུལ་དེ་གསན་རོགས་གནང་།
ཨ་མི་རི་ཀའི་བྷོལ་ཐི་མཱོར་གྱི་གྲུ་ཁ་སྒོ་བརྒྱབ་པ་དེས་འཛམ་གླིང་ནང་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་བྱེད་སྒོར་གནོད་སྐྱོན་དོ་ཕོག་འབྱུང་སྲིད་པ་སོཌ་ཀྱི་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་མཐུན་ཕྱོཊ་ནང་ཡུག་ཀེ་རེན་དང་ཨི་སི་རེལ་ལ་རྒྱབ་སྐྱོར་གནང་དོན་ཐད་གཅིག་སྒྲིལ་ཇེ་ལེཊ་སུ་གཏོང་རྒྱུ་སོཊ་ཀྱི་སླད་ཨ་རིའི་ཕྱི་སྲིད་དྲུང་ཆེས་གཟའ་འཁོར་རྗེས་མར་ཡུ་རོབ་ལ་ཕེབས་དུས་བགྲོ་གླེང་མང་དུ་བྱ་དགོས་ཆགས་ཡོད་པ་དབྱེ་ཞིབ་པས་བརྗོད་བཞིན་པ་སོཊ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཀོད་པའི་གནས་ཚུལ་ཕབ་སྒྱུར་ཞུས།
ཨ་རིའི་གསར་འགོད་པ་གྷར་ཤི་ཁོབ་ཆི་ལགས་ཨུ་རུ་སུའི་བཙོན་ལ་ཚུད་ནས་ལོ་གཅིག་འགོར་ཡོད་པ་དང་། ཁོ་པའི་ནང་མི་དང་ལས་གྲོགས་ཚོས་ཁོང་ཉིད་གློད་བཀྲོལ་ཡོད་ཆེད་འབད་བརྩོན་གནང་བཞིན་པའི་སྐོར་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ Cristina C Smit ལགས་ཀྱིས་གནས་ཚུལ་གསུངས་པ་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་རེས་གཟའ་མིག་དམར་ཉིན་ཝལ་སིཀྲིརཀྲ་ཇོར་ནལ་ཟེར་བའི་གསར་འགྱུར་ཁང་གི་གསར་འགོད་པ་ཨིཝན་གྷརཤ་ཀོཝིཅ་ཁྲིམས་གཏུག་གོང་གི་དོ་དམ་བཙོན་འཇུག་དེ་མ་མཐར་ཕྱི་ཟླ་༦ཚེས་༣༠བར་དུས་འགྱངས་བྱས་སྐོར་གྱི་གནས་ཚུལ་འདི་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་གྱི་སྲུང་སྐྱོབ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་དུ་བཟློས། ཉིན་ཤས་སྔོན་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༣་གྱི་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཆོག་མཆན་བཀོད།
ཨི་སི་རེལ་གྱིས་གྷ་ཛའི་ལྷོ་ཕྱོགས་ར་ཧྥ་གྲོང་ཁྱེར་ལ་བཙན་འཛུལ་བྱེད་རྒྱུའི་འཆར་གཞིའི་ཐད་ཨ་རི་དང་མཉམ་དུ་གྲོས་བསྡུར་བྱ་རྒྱུར་སྐུ་ཚབ་ཚོགས་པ་གཏོང་རྒྱུ་དེ་ཕྱིར་འཐེན་བྱས་པ་དང་། གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་སུ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་ལ་ཨ་རིས་ངོ་རྒོལ་མ་བྱས་པ་དེར་རྣམ་འགྱུར་བསྟན་པ་རེད།
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་ལྔའི་སྲིད་འཛིན་འོས་བསྡུའི་སྔ་ནུབ་ཏུ་བུད་མེད་ཀྱི་འཕྲོད་བསྟེན་དང་སྐྱེ་འཕེལ་གྱི་ཐོབ་ཐང་དེ་ནི་ཁོང་རང་གི་སྲིད་འཛིན་འོས་བསྡུའི་རྩ་དོན་ཞིག་ཏུ་འཇོག་གནང་ཡོད་ཀྱང་། ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གྱིས་དེའི་ཐད་ལངས་ཕྱོགས་གསལ་བོར་བསྟན་མེད།
གཟའ་མིག་དམར་གྱི་ཐོ་རངས་ཨ་མི་རི་ཀའི་མེ་རི་ལེན་མངའ་སྡེའི་གྲོང་ཁྱེར་བྷལ་ཊི་མོར་གྱི་ཆུ་ཁའི་ལམ་ཆེན་ཟམ་པ་ཞིག་ལ་དངོས་ཟོག་དབོར་འདྲེན་གྱི་གྲུ་གཟིངས་ཤིག་གིས་གདོང་ཐུག་བརྒྱབས་ཏེ་ཟམ་པར་ཆགས་སྐྱོན་བྱུང་སྟེ་རླངས་འཁོར་དང་མི་ཁག་ཅིག་གཙང་ཆུའི་ནང་ལྷུང་བའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སའི་ཉེ་ཁུལ་བལ་ཊི་མོར་གྲོང་ཁྱེར་གྱི་ཟམ་ཆེན་ལ་དོལ་སྐྱེལ་གྲུ་གཟིངས་ཤིག་བརྡབས་ཏེ་ཟམ་བརྡིབས་རྗེས་སྲིད་འཛིན་བྷ་ཌན་གྱིས་ཟམ་ཆེན་དེ་བསྐྱར་གསོ་བྱ་རྒྱུ་གསུང་ཡོད། མྱུར་སྐྱོབ་མི་སྣ་ཚོས་གཙང་པོ་ནས་མི་གཉིས་བསྐྱབས་ནས་དེ་ལས་གཅིག་སྨན་ཁང་དུ་སྐྱེལ་ཞིང་། ད་རུང་མི་དྲུག་འཚོལ་བཞིན་པ་རེད།
༄༅།། གྷ་ཛའི་ནང་མེ་འཕེན་མཚམས་འཇོག་དགོས་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་འདི་ཨ་རིས་འཇོག་བཅུག་པར་བརྟེན་ནས་ཨ་མི་རི་ཀ་དང་ཨི་སི་རལ་གྱི་འབྲེལ་ལམ་ལ་གནོད་སྐྱོན་བྱུང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། །ཨ་རིའི་དབུས་དངུལ་ཁང་གིས་བུ་ལོན་སྔ་གཡར་གྱི་སྐྱེད་ཀར་གཅོག་འཁྲི་གཏོང་བའི་ངང་འགུག་བྱེད་བཞིན་པ་ལྟར་ལས་དོན་དེ་ཡིས་སྲིད་འཛིན་བྷོ་ཌན་གྱི་འོས་བསྡུའི་བྱེད་སྒོ་ལ་ཕན་ཐོགས་འབྱུང་སྲིད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
མང་སྣོན།