ཐེངས་འདིའི་ཁྲིམས་དང་རང་དབང་གི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ ཤས་མིན་བརྗོད་པའི་ལེ་ཚན་ནང་ མིང་བཙན་རྒྱལ་གྱི་གཞུང་འབྲེལ་ཡིག་ཆ་དང བོད་དང་མིང་དབར་གཞུང་སྲིད་ལམ་ལུགས་དེ་ཡིས་མིང་རྒྱལ་རབས་སྐབས་སུ་བོད་རང་བཙན་ཡིན་པའི་དཔང་རྟགས་གསལ་བརྗོད་བྱས་ཡོད་པ།
༄༅། །རྒྱ་ནག་གིས་རྒྱ་གར་དང་འབྲུག་ཡུལ་བཅས་དང་ས་འབྲེལ་ས་མཚམས་ཐོག་གྲོང་གསེབ་གསར་རྒྱག་བྱས་པའི་ཁུལ་དུ་ད་ནས་མི་ལོ་༦༥སྔོན་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དོན་རྐྱེན་ལ་དགའ་སྟོན་གྱི་སྲུང་བརྩི་བྱས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་སྤྱི་ཡོངས་ཐོག་ལ་མང་ཚོགས་ཀྱི་གཟིགས་ཚུལ་སྐོར་ལ་གླེང་མོལ་ཞུས་ཡོད།
ཨ་རིའི་གཞུང་གི་ཕྱི་ལོ་༢༠༢༤ ཡི་སྔོན་རྩིས་ནང་ལ། ལོ་འདིའི་རིང་གཅིག་པུར་བོད་དང་བོད་མི་མང་ལ་ཨ་སྒོར་ས་ཡ་༢༣ ཙམ་གྱི་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྡེ་དགེ་རུ་ཆུ་གློག་འཛུགས་སྐྲུན་ཆེད་དགོན་གྲོང་ཁག་ཅིག་གནས་སྤོར་དགོས་ཞེས་བཀོད་ཁྱབ་བཏང་བར་མི་མང་གིས་ཞུ་འབོད་བྱས་སྐབས་སྡེབས་འཛིན་བྱུང་ཡོད་ལ། དེའི་རྗེས་ནས་ད་ལྟའི་བར་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀི་མེད་པའི་སྐབས་འདིར། བོད་མི་ཁག་ཅིག་གི་མིང་དང་པར་སོགས་ཕྱི་ལ་ཐོན་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་སྔོན་རྩིས་གྲོས་ཚོགས་འདི་བཞིན་དེ་རིང་སྤྱི་ཟླ་ ༣ ཚེས་ ༢༩ ཉིན་མཇུག་སྒྲིལ་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ ནས་༢༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་བྱུང་བ།
སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་མཐོ་རིམ་ལས་བྱེད་པཱོལ་གྷོརོབ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྔོན་རྩིས་འགྲོ་གྲོན་སློབ་སྟོན་པ་བགྲེས་པ་པཱོལ་རེཌ་མའེ་ཆར་སོགས་འབྲེལ་ཡོད་མི་སྣས་བཞུགས་སྒར་ཕོ་བྲང་དུ་༧གོང་ས་༧མཆོག་མཇལ་ཁ་ཞུས་ཡོད་པའི་གནས་ཚུལ་ཞིག་གསན་རོགས་གནང་།
འབྲས་སྤུངས་བློ་གསལ་གླིང་གི་བྲག་གཡབ་ཆུང་ཚང་རིན་པོ་ཆེའི་ཆོས་ཚོགས་དང་ཞལ་སློབ་རྣམས་ཀྱི་མཐུན་འགྱུར་འོག་ནོར་བུ་རིའི་ས་ཆ་འཁོད་སྙོམས་ནས་འགྲོ་གྲོན་ཧིན་སྒོར་འབུམ་༢༥༠ལྷག་བཏང་ནས་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་འཁོར་ཡུག་ལྡུམ་ར་འཛུགས་སྐྲུན་ཞུས་ཏེ་༢༠༡༩ ལོར་ལེགས་གྲུབ་བྱུང་ཞིང་༧གོང་ས་མཆོག་གིས་ཐུགས་སྨོན་རབ་གནས་མཛད།
རྒྱ་གར་གཞུང་ནས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཆེད་དུ་ས་མཚམས་དམག་མི་ཚོར་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པའི་ སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ལྡི་ལིའི་གསར་འགོད་པས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དགུ་པའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་ཆེད་འཛུགས་ཚོགས་ཆུང་གིས་ཁྲིམས་ཞིབ་པའི་འོས་ཆོས་སྐོར་ལ་བསྐྱར་བཅོས་ཁྲིམས་ཡིག་འཆར་ཟིན་ལ་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་མི་འདུག་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ལ་དྭགས་ཀྱི་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གྱི་མེས་པོ་གྷན་དྷིས་ཉིན་༢༡རིང་གི་ཟས་བཅད་ངོ་རྒོལ་སྤེལ་བ་དེ་མིག་དཔེར་བཟུང་ནས་ལ་དྭགས་ལ་མངའ་སྡེའི་གནས་བབ་ཐོབ་ཐབས་སོཊ་ཀྱི་སླད་ཉིན་༢༡ རིང་གི་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་བ་དང་། ཡིན་ནའང་ལས་འགུལ་མཇུག་སྒྲིལ་མེད་ཅེས་གསལ་བསྒྲགས་གནང་བ་འཕྲིན་ལས་ཆོས་སྒྲོན་གྱིས་སྤེལ།
ཨ་རི་རླུང་འཕྲིན་ཁང་གིས་༧གོང་ས་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ་བའི་ལས་རིམ་ཁོངས་ལམ་སྟོན་ཞེས་པའི་༧གོང་ས་མཆོག་གི་བཀའ་སློབ་ལས་བཏུས་པའི་བདུན་རེའི་ལས་རིམ་ངོ་སྤྲོད་ཞུས་པ་དེར་གསན་རོགས་གནང་།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།