ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་གྱི་ཉེ་འདབས་སུ་ཡོད་པའི་རེན་ཌོཕ་མཐོ་རིམ་སློབ་གྲྭར་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ཐོག་གྲུབ་འབྲས་ཆེ་བའི་ཕྱག་ལས་གནང་བར་ངོས་འཛིན་གྱིས་གཟེངས་རྟགས་ཕུལ་འདུག་པའི་སྐོར་འདི་གའི་གསར་འགོད་པ་རྣམ་རྒྱལ་ཤཱསྟྲིས་ས་གནས་ནས་ཐད་ཀར་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
༄༅།། བེལ་ཇེམ་ལ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་གི་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ནེ་ཐར་ལེནྚ་ཡི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་སྐུ་ཞབས་ཝིམ་གྷི་རིག་མཆོག་དང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱི་སྙན་སྒྲོན་གནང་གི་རེད།
བོད་ཀྱི་ལོ་རྒྱུས་སློབ་དཔོན་གསུམ་གྱིས་རྩོམ་སྒྲིག་གནང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཕྱག་དེབ་ཅིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་དང་དཔེ་སྐྲུན་གྱིས་ཕྱི་ཟླ་༤ཚེས་༡༨ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག་སྲིད་བྱུས་ཉམས་ཞིབ་ཁང་དུ་དབུ་འབྱེད་གནང་སོང་།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་རྨེའུ་རུ་མ་རུ་ཆེན་བཞི་བའི་དགེ་རྒན་དོན་ཡོད་ལགས་དམར་ཤོག་ཚོགས་པའི་དགོས་མཁོ་དང་མཐུན་པའི་སློབ་ཁྲིད་བྱེད་ཀྱི་མེད་པར་བསྙད་དེ་དགེ་རྒན་གྱི་ལས་གནས་ནས་ཕྱིར་འཕུད་བཏང་འདུག་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་གནང་གི་རེད།
༄༅། །ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྲིད་དོན་ཚོགས་པ་གཉིས་ཀའི་ཁྲིམས་བཟོ་བ་ཚོས་བོད་ཀྱི་དཀའ་ཚེགས་སེལ་པའི་ཁྲིམས་འཆར་གྲོས་ཚོགས་འོག་མས་གཏན་འབེབས་བྱས་ཡོད་པར་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱབ་སྐྱོར་གནང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཁང་གི་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་བ་རེད། ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཁར་ཌིན་མཆོག་གིས་ང་ཚོའི་ཚོགས་ཆུང་གིས་ཁྲིམས་འཆར་ལ་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་ཡོད།
ཤེལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་སྔར་ལོའི་ཕྱི་ཟླ་༥པའི་ནང་རྒྱ་གཞུང་གིས་བཙན་ཁྲིད་འདྲི་བརྩད་གཅར་རྡུང་ཚད་མེད་བཏང་རྗེས་ཀློད་ཡོད་ཀྱང་ཟླ་དེའི་ཕྱི་ཚེས༢༥ཉིན་ཁོང་གིས་རང་ཤག་ཏུ་རང་ཤི་བརྒྱབ་ཡོད་པའི་སྐོར་བལ་ཡུལ་ནས་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་༩ ནས་ཉིན་གྲངས་བཅུ་ཙམ་རིང་ལ་འབྲུག་རྒྱལ་ཁབ་ཏུ་ཆོས་འབྲེལ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ཚེས་༡༠་ཉིན་རིན་པོ་ཆེ་མཆོག་དང་འབྲུག་ཆོས་རྒྱལ་སྐུ་འཁོར་ལྷན་རྒྱས་དང་མཇལ་འཕྲད་གནང་འདུག རིན་པོ་ཆེ་མཆོག་ད་རེས་འབྲུག་རྒྱལ་ཁབ་ཏུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།
བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་དང་དྲུང་ཆེ་བཀྲིས་ཚེ་རིང་ལགས་འཚོག་ལ་ཉེ་བའི་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐྱར་གསོའི་དབུ་འབྱེད་མཛད་སྒོ་ཞིག་ཐའེ་ཝན་དུ་འཚོག་གཏན་འཁེལ་ཡོད་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་ལྟའི་ཆར་བྱང་ཨ་རིའི་ཁུལ་དུ་གཟིགས་སྐོར་ཕྱོགས་སྐྱོད་གནང་བཞིན་པ་དང་ཁོང་ནས་གཙོ་བོ་ཨ་མི་རི་ཀའི་གྲོས་ཚོགས་ལ་ཆེད་བཅར་གྱིས་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་སྐུལ་འདེད་ཞུ་ཡི་ཡོད་པ་སོགས་ཀྱི་སྐོར།
ཨ་མི་རི་ཀའི་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་NWTCAདང་། པོཊ་ལེནྜ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གསུམ་ཐུན་མོང་གིས་ཨ་རིའི་ནུབ་ཕྱོགས་ས་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་ལས་བྱེད་དང་ཕ་མ་རྣམས་ཀྱི་ཆེད་དུ་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར་འདིར་གསལ།
རྒྱ་གཞུང་གིས་ཆ་བགོས་བྱས་པའི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ས་འགུལ་འགུལ་ཚད་༥.༢ ཅན་ཞིག་བྱུང་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།