རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་འོས་བསྡུའི་ཆེད་དུ་དྲིལ་བསྒྲགས་ལས་འགུལ་སྤེལ་སྐབས། ཕྱི་སྲིད་དང་ཕྱི་འབྲེལ་ལས་དོན་ཐོག་གྲུབ་འབྲས་བཟང་པོ་ཐོན་ཐུབ་པ་གནང་ཡོད་ལུགས་གསུངས་ཀྱི་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རི་དང་ཉི་ཧོང་གཉིས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བྱུང་རྗེས། ད་ལྟ་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་སུ་བཅུག་ནས་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་ཀྱི་རྐང་འཛིན་རིམ་པ་གཉིས་པ་ལ་འགྱུར་རྒྱུའི་བསམ་ཞིབ་བྱེད་བཞིན་པ་ཡིས་རྒྱ་ནག་ལ་བློ་འཚབ་བསླངས་ཡོད་པ་རེད།
གཟའ་ཕུར་བུར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ཀི་ཤི་ད་དང་ཧྥེ་ལི་ཕིན་སིའི་སྲིད་འཛིན་མར་ཁོ་སི་ལྷན་དུ་གྲོས་མོལ་གནང་སྟེ། ལྷོ་རྒྱ་ནག་རྒྱ་མཚོར་རྒྱ་ནག་གིས་ཁྱིམ་མཚེས་རྣམས་ལ་རུ་ངར་པོའི་སྤྱོད་ལམ་མཚམས་འཇོག་བྱ་དགོས་རྒྱུ་བརྡ་ལན་བཏང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གཞུང་གི་ལས་བྱེད་ཀྱིས་རིང་མིན་ཨི་རན་གྱིས་ཨི་སི་རེལ་ལ་འཁོན་ལན་རྒོལ་རྡུང་གཏང་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། ཨི་སི་རེལ་གྱིས་ཀྱང་གནས་སྟངས་ག་འདྲ་ཞིག་ལ་འཕྲད་ཀྱང་ཡ་ལན་ནན་པོ་སློག་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་དོན་ཆེད་དུ་ཡུ་རོབ་ཅེས་པའི་ལས་འགུལ་དབུ་འཛུགས་གནང་འདུག ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གྲོས་ཚོགས་སུ་བོད་དོན་སྙན་སེང་ཞུས་གནང་བ། ཝི་ཏི་ནམ་གྱི་ས་ཁང་ཚོང་བདག་ཆེ་ཤོས་ལ་སྲོག་ཐོག་ཉེས་ཆད་བཅད་པ། སི་ལོ་ཝ་ཀི་དང་ཡུག་ཀེ་རན་དབར་མཉམ་ལས་གྲོས་མཐུན་བཞག་པ། འབར་མའི་ཤར་ཕྱོགས་སུ་ས་གནས་འཇབ་དམག་ལ་རྒྱལ་ཁ་ཐོབ་པ།
ཡུག་ཀེ་རན་དུ་མི་དམངས་དཀྱུས་མ་མང་པོས་དང་བླངས་ཀྱི་ཐོག་ནས་མི་མེད་འཕུར་གྲུ་བཟོ་བཞིན་པ་དང་། ལོ་རེར་མི་མེད་འཕུར་གྲུ་ཉིས་ཁྲི་ལྷག་དམག་སར་མཁོ་འདོན་བྱེད་བཞིན་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་༤ ཚེས་༡༩ ནས་བཟུང་བདུན་ཕྲག་དྲུག་རིང་རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པ་དང་། མི་འབོར་ཆེ་ཤོས་ཡོད་པའི་མངའ་སྡེ་ཨུ་ཊར་པར་དེ་ཤི་ནི་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་གནད་འགག་ཆགས་ཀྱི་ཡོད། མངའ་སྡེ་དེའི་མི་དམངས་ཁྲོད་དུ་སྲིད་བློན་མོ་དྷི་ཡི་ཆབ་སྲིད་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཡོད་པ་རེད།
དེང་སྐབས་ཉི་ཧོང་གི་སྲིད་བློན་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་ཚོང་ལས་སོགས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏང་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།
ཕྱི་ཟླ་༤ཚེས་༡༩ནས་བཟུང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པ་དེའི་ནང་རྒྱ་གར་མི་འབོར་ཆེ་ཤོས་ཡོད་པའི་མངའ་སྡེ་ཨུ་ཊར་པར་དེ་ཤི་གནད་འགག་ཆགས་ཀྱི་ཡོད་པ་དེའི་ནང་སྲིད་བློན་མོ་དྷི་ཡི་ཆབ་སྲིད་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨ་རིའི་སྲིད་འཛིན་ཇོ་བྷ་ཊན་དང་ཉེ་ཧོང་གི་སྲིད་བློན་ཕུ་མིའོ་ཀི་ཤི་ཌ་གཉིས་ཕོ་བྲང་དཀར་པའི་ནང་ཆེས་མཐོའི་མཇལ་འཛོམས་གནང་རྗེས་སུ་སྲིད་འཛིན་བྷ་ཊན་གྱིས་ཨ་རི་དང་ཉེ་ཧོང་གཉིས་ཀྱི་འབྲེལ་ལམ་དེ་ཁ་བྲལ་ཐབས་མེད་པའི་འབྲེལ་ལ་ཞིག་ཡིན་ཞེས་གསུངས་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
༄༅། །སྦེལ་ཇེམ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཚོགས་པ་ཁག་གིས་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ནང་བོད་དོན་ཐད་རྒྱལ་སྐྱོར་བྱེད་མཁན་མང་དུ་འགྲོ་ཐབས་ལ་ལས་འགུལ་སྤེལ་གྱི་ཡོད་པའི་སྐོོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨི་སི་རེལ་དང་ཧ་མ་སི་དབར་གྱི་དམག་འཁྲུག་ཟླ་བ་དྲུག་སོང་བའི་སྐབས་འདིར་རྒྱལ་སྤྱིའི་གནོན་ཤུགས་འོག་ཕྱོགས་གཉིས་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་ཡོང་ཐབས་བྱེད་བཞིན་པ་དང་དུས་མཚུངས། གྷ་ཛའི་ལྷོ་ཕྱོགས་སུ་ཉེན་གཡོལ་དུ་གནས་པའི་པ་ལི་སི་ཐན་གྱི་མི་མང་ས་ཡ་གཅིག་ལྷག་ཙམ་ལ་རྒྱལ་སྤྱིའི་སྐྱོབ་གསོ་ཤུགས་ཆེར་གཏོང་བཞིན་ཡོད།
མང་སྣོན།