༄༅།། ཁ་ས་དགོང་མོ་པ་ལི་སི་ཐན་གྱི་གྲོང་ཁྱེར་ར་ཕཱ་ནང་ཨི་རི་རལ་གྱི་གཏོར་རྒོལ་འོག་རྐྱེན་འདས་སུ་འགྱུར་བའི་སྐྱེ་མ་ཞིག་གི་ཁོག་པའི་ནང་ནས་ཕྲུ་གུ་བུ་མོ་ཞིག་ཕྱིར་འདོན་སྲོག་སྐྱོབ་ཐུབ་ཡོད་པའི་སྐོར་གྱི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
ཚན་རིག་པ་དང་ཉམས་ཞིབ་པ་ཚོས་གླང་པོ་ཆེ་ལ་སོགས་པའི་སེམས་ཅན་རིགས་གཅིག་ལ་འགྲོ་བ་མི་དང་མཚུངས་པའི་གཞན་གྱི་སྡུག་བསྔལ་ལ་བསམ་ཞིབ་ཐུབ་ཀྱི་ཡོད་པའི་འཚོར་སྣང་ངོས་འཛིན་ཐུབ་རྒྱུ་ཡོད་པ་གསུངས་ཀྱི་ཡོད་པའི་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་ངོ་སྤྲོད་གནང་གིས་རེད།
༄༅། །འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་ལྷོ་དང་དབུས་ཨེ་ཤི་ཡའི་ཁུལ་ནས་ཕྱི་མི་ཨ་མི་རི་ཀའི་ནང་ཡོང་མཁན་མང་པོ་བྱུང་ཡོད་པ་མ་ཟད་ད་དུང་མང་དུ་འགྲོ་ཡི་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཨ་རིའི་གྲོས་ཚོགས་འོག་མ་ནས་ཐའེ་ཝན་དང་དེ་མིན་རྒྱལ་ཁབ་གཞན་གཉིས་ཀྱི་རྒྱལ་སྲུང་གི་གྲོས་གཞིར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པར་ཐའེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་གསུངས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ལྷོ་ཨ་རིའི་རྒྱལ་ཁབ་ཨར་འཇན་ཌི་ན་ཡིས་ཨ་རིས་བཟོས་པའི་དམག་འཐབ་གནམ་གྲུ་ཉོ་བསྒྲུབ་དང་ཡུལ་དེའི་ནང་ཨ་རིའི་མཚོ་དམག་བརྟེན་གཞི་ཞིག་གསར་འཛུགས་བྱ་རྒྱུའི་ཐག་ཆོད་བྱས་པ་དེས་ཁུལ་དེའི་ནང་རྒྱ་ནག་གིས་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས་ལ་དོ་འཕོག་འབྱུང་བའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད
༄༅། །ཡུཀེ་རན་ལ་ཨ་རིའི་རོགས་རམ་སྤྲོད་འགྱུར་གྲོས་ཚོགས་ཀྱི་ཚོགས་གཙོས་ཐོག་མར་དགག་པ་བརྒྱབས་ཡོད་ཀྱང་རྗེས་སུ་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་རོགས་རམ་སྤྲོད་འགྱུར་མོས་མཐུན་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཡུག་རེན་དང་། །ཨིཛ་རཱ་ཡེལ། །ཐེ་ཝེན་བཅས་ལ་སྲུང་སྐྱོབ་ཀྱི་རོགས་རམ་ཌོ་ལར་ཐེར་འབུམ་༩༥གནང་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ་ནུབ་ཕྱོགས་ཡུལ་ཁག་གི་དབུ་འཁྲིད་ཚོས་དགའ་བསུ་ཞུས་ཀྱང་ཨུ་རུ་སུས་དེར་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།
རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི་ཡིས་ AUKUS ཚོགས་ཞུགས་རྒྱལ་ཁབ་ཨ་རི་དང་དབྱིན་ཇི། ཨོ་སི་ཁྲོ་ལི་ཡ་བཅས་ཀྱིས་རྡུལ་ཕྲན་སྒུལ་ཤུགས་ལ་བརྟེན་ནས་ཆུ་འཛུལ་དམག་གྲུ་བཟོ་རྒྱུར་མཉམ་ལས་ཀྱི་གྲོས་ཆོད་བཞག་པ་དེས། ལྷོ་ཞི་བདེ་རྒྱ་མཚོ་ཁུལ་དུ་རྡུལ་ཕྲན་རྒྱ་བསྐྱེད་གཏང་རྒྱུའི་ཉེན་ཁ་བཟོས་ཡོད་ཅེས་བརྗོད་ཡོད་པའི་སྐོར་འདིར་གསལ།
ཕྱི་སྲིད་དྲུང་ཆེ་བྷུ་ལིན་ཁེན་ལགས་ཀྱིས་རིང་མིན་ཕྱི་ཟླ་བཞི་པའི་ཚེས་༢༤ ནས་ཚེས་༢༦ བར་རྒྱ་ནག་ལ་འཚམས་འདྲི་གནང་སྐབས། ཧྲང་ཧའེ་དང་པེ་ཅིན་ལ་ཕེབས་ནས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་ཐུག་འཕྲད་གནང་རྒྱུ་ཡིན་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ལན་ཌིའི་ཉེ་འཁྲིས་ཀྱི་འབར་མའི་ས་མཚམས་སུ། འབར་མའི་གྱེན་ལོག་དམག་དཔུང་དང་གཞུང་དམག་དབར་འཐབ་འཁྲུག་ལངས་པར་བརྟེན། ཨ་རིས་རྒྱ་ནག་དང་དེ་དོན་གྲོས་མོལ་བྱ་འཆར་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཟླ་བ་༤ པའི་ཚེས་༢༠ རེས་གཟའ་སྤེན་པའི་ཉིན། ཆུ་ཚོད་༣ གྱི་ནང་རྒྱ་ནག་གི་དམག་དོན་གནམ་གྲུ་ མང་པོ་ཞིག་གིས་ཐེ་ཝན་ཉེ་འཁྲིས་ཀྱི་མཁའ་དབྱིངས་སུ་འཛུལ་ཡོད་པ་མཐོང་བ་གསལ་སྟོན་གནང་ཡོད་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མས་ཡུག་ཀེ་རན་དང་། ཨི་སི་རེལ། ཐེ་ཝན་བཅས་གསུམ་ལ་རོགས་དངུལ་ཨ་སྒོར་ཐེར་འབུམ་༩༥ སྤྲད་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་ཡོད་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
མང་སྣོན།