Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་དང་འབྲེལ་བའི་གློག་བརྙན་གསར་པ། ཨུ་རུ་སུས་ཡུག་ཀེ་རན་ལ་དཔུང་རྒོལ་བྱ་ཉེན། ཨ་རིའི་གྲོས་ཚོགས་སུ་ཕུ་ཊིན་ལ་ཉེས་ཆད་གཅོད་ཐབས་ཀྱི་བགྲོ་གླེང་། འཛམ་གླིང་བུ་ལོན་གྱི་ཉེན་ཁའི་གནས་སུ་སླེབས་པ། ཡུ་རོབ་དང་ཨ་ཧྥེ་རི་ཀའི་ཚོགས་ཆེན། ཨིན་རྡུ་ནེ་ཤི་ཡས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་གྲོང་ཚོ་ཁག་རྒྱ་གྲོང་ལ་གནས་སྤོར་བའི་སྲིད་ཇུས་དང་། ས་སྐྱ་ཞིབ་འཇུག་ཁང་། ཨོ་རྩེད་སྐབས་ཀྱི་བོད་འབྲེལ་ཉིན་ཐོ། རྒྱ་ནག་མི་མང་དྲ་རྒྱའི་ལྕགས་རི་བརྒལ་ཆོག་མིན་གྱི་བགྲོ་གླེང་བཅས་འདུས་ཡོད།། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཉེ་ཆར་རྒྱ་ནག་ཏུ་བྱུང་བའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་གནས་ཚུལ་གལ་ཆེན་ཁག་ཅིག་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་རྣམ་གཉིས་དང་ལྷན་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG