Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་གསུང་ཆོས་སྩལ་བ། དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པའི་ཁྲི་སྟོནྒོ། ཡུག་ཀེ་རན་གྱི་སྲིད་འཛིན་གྱི་འབོད་སྐུལ་དང་གནས་སྟངས། ཏོག་ནད་ནི་འཛམ་གླིང་ས་ཁུལ་མང་པོ་ཞིག་ཏུ་ཁྱབ་བཞིན་པ། ཨི་རན་གྱིས་དབྱིན་ཇིའི་མི་སེར་གཉིས་གློད་གྲོལ་བཏང་བ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཨ་རིར་༼ནམ་ཡང་བརྗེད་ཐབས་མེད་པའི་བོད་༽་ཅེས་པ་གཟིགས་འབུལ་དང་། ཚེ་དབང་ནོར་བུ་རྗེས་དྲན་དང་གནས་ཚུལ་རྩད་གཅོད། རྒྱས་སྤྲོས་མེད་པར་སྦྱིན་གཏོང་གི་གཉེན་སྟོན་བྱས་པ་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ལེ་ཚན་ནང་༢༠༠༨་ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་དུས་སུ་མདོ་སྨད་རྨ་ཆུ་རྫོང་དུ་ཞི་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པ་ཆབ་སྲིད་བཙོན་པ་གཞོན་ནུ་དཔལ་ལྡན་ངོ་སྤྲོད་ཞུས་ཡོད། ཀུན་གླེང་ལས་རིམ་དུ་༡༩༥༩ ཟླ་༣ ཚེས་༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ཕོ་བྲང་ནས་ཆིབས་ཞལ་བསྒྱུར་རྗེས་ཁོང་གི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་གཉིས་ལ་ཉེ་བ་བཙན་བྱོལ་ལ་འབྱོར་བའི་དུས་དྲན་དང་བསྟུན། རྣམ་རྒྱལ་ཤསྟྲི་ལགས་ཀྱིས་བཙན་བྱོལ་བའི་མི་རབས་དང་པོ་ཁག་གཅིག་ལ་བཙན་བྱོལ་ལ་ཕེབས་སྟངས་སྐོར་དྲི་བ་ཞུས་པ་གཟིགས་འབུལ་ཞུ་རྒྱུ།

XS
SM
MD
LG