Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༣༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཀའ་ཤག་གིས་གྲོས་ཚོགས་སུ་ཁྲིམས་ཡིག་བསྐྱར་བཅོས་ཚོགས་ཆུང་སོགས་ཀྱི་ཐད་གསལ་བཤད་གནང་བ་དང་། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་གྲོས་མོལ། སྲིད་འཛིན་བྷ་ཌན་གྱིས་ཕུ་ཊིན་གོ་གནས་སྟེང་སྡོད་མི་རུང་བ་བརྗོད་པའི་སྔ་ཕྱི། ཧྲང་ཧེར་ནད་ཡམས་རྐྱེན་སྒོ་རྒྱ་བསྡམས་པ། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་དཔེ་དེབ་གསར་པ་བཅས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་སུད་སི་དོན་གཅོད་ཀྱི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཕྱི་ཟླ་ལྔ་བའི་ནང་རྒྱ་ནག་ཏུ་ཕེབས་སྐབས་བོད་ཀྱང་གཟིགས་ཞིབ་གནང་ཡུལ་གྱི་གྲས་སུ་འཁོད་དགོས་པའི་ལས་འགུལ་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ལ་རྒྱ་ནག་གི་སྲིད་བློན་ཝང་དབྱི་ཡིས་རྒྱ་གར་དང་བལ་ཡུལ་ནང་འཚམས་གཟིགས་གནང་བའི་གྲུབ་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG