Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༩ ཚེས་༢༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་གཞོན་སྐྱེས་འཚེ་མེད་ཞི་བའི་ལས་འགུལ་བ་ཁག་ཅིག་ལ་བཀའ་སློབ་སྩལ་བ་དང་། སྲིད་འཛིན་བྷ་ཌན་གྱི་རྒྱལ་ཚོགས་གཏམ་བཤད། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་གནད་དོན། ཨ་རིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས། བྱིས་པའི་ཀློག་དེབ་དང་རྩེད་ཆས། པཱ་ལགས་ཞེས་པའི་ཟློས་གར་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་མདོ་སྨད་རྨ་ཆེན་རྫོང་ནས་ཡིན་པའི་བཀྲ་ཤིས་རྒྱལ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུས་ཡོད། ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་མངའ་སྡེ་༢༠་ལྷག་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་ཕེབས་ཏེ་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་བྱེད་བཞིན་ཡོད་པ་རེད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཞུ་གཏུག་པ་གསུམ་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG