Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༠༧

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༠ ཚེས་༡༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་སེམས་དང་སྲོག་གི་ཚོགས་འདུ་མཇུག་བསྒྲིལ་བ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས། ཨ་རི་བཅས་ཀྱིས་ཡུག་ཀེ་རན་ལ་རྒྱབ་སྐྱོར་དང་ཨུ་རུ་སུ་ལ་ཉེས་ཆད། ཨི་རན་ནང་གི་ངོ་རྒོལ་དང་། སྲིད་འཛིན་ཟུར་པ་ཊམ་འགུགས་འབོད་བྱས་པ་སོགས་ཡོད། དྲ་སྣང་གི་བོད་དུ་བོད་ཕྱི་ནང་གི་གློག་བརྙན་༢༠་ལྷག་རིན་མེད་གཟིགས་འབུལ་གནང་ས་དང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དགེ་ལེགས་དཔལ་བཟང་ལགས་ཀྱིས་བཟོས་པའི་༼ཨ་མ་ལགས་༽ཞེས་པའི་དངོས་བྱུང་གློག་བརྙན་སྐོར་ལ་བཅར་འདྲི་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྔ་པ་ཀིརྟི་དགོན་པའི་རྩོམ་པ་པོ་གྲྭ་བློ་བཟང་འཇམ་དབྱངས་ལགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་དང་ལྷན་དུ། སྤྱིར་བོད་དང་མོན་ཡུལ་གྱི་ལོ་རྒྱུས་ཐོག་ནས་འབྲེལ་བ་བྱུང་སྟངས་དང་། ཡང་སྒོས་སུ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མོན་ཡུལ་མི་མང་བར་གྱི་འབྲེལ་ལམ་བཅས་ཀྱི་སྐོར་ལ་བཀའ་མོལ་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG