Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༠ ཚེས་༡༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་དབུ་བཞུགས་ཐོག་ཉིན་གཉིས་ཀྱི་ན་གཞོན་འགོ་ཁྲིད་ཚོགས་འདུ་མཇུག་སྒྲིལ་གནང་བ་དང་། རྒྱ་ནག་གི་དམར་ཤོག་ཚོགས་ཆེན་ཐེངས་ཉི་ཤུ་བ། ཨ་རིས་ཚན་རྩལ་ལ་ཆེ་མཐོང་དང་རྒྱབ་སྐྱོར། ཨུ་རུ་སུས་ཡུག་ཀེ་རན་གྱི་དམངས་སྤྱོད་རྟེན་གཞིར་གཏོར་རྒོལ། མི་བུ་བསླུ་ཚོང་གནས་ཚུལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀེ་ན་ཌའི་ནང་གི་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་། བོད་ཀྱི་ཆེད་དུ་རྒྱང་རྒྱུགས་ཞེས་པའི་ལས་འགུལ་སྤེལ་མཁན་གཉིས་ལ་བཅར་འདྲི་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་འཐབ་ཇུས་གསར་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG