Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༠༧

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༠ ཚེས་༢༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་བར་རང་ཉིད་ནས་འགོ་རྩོམ་དགོས་པའི་ཐད་བཀའ་སློབ་དང་། བཞུགས་སྒར་དུ་བོད་དོན་རྒྱབ་སྐྱོར་བ་དང་ལས་འགུལ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ། ཡུག་ཀེ་རན་གྱི་གནས་སྟངས། ཨ་རིའི་བར་མའི་འོས་བསྡུ། སེར་བྱེས་སློབ་གྲྭའི་དུས་སྟོན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སུད་སིར་བོད་ཕྲུག་ཚོར་བོད་ཀྱི་རིག་གནས་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་པ། བོད་མིའི་བར་ལ་ཚེ་རོགས་འཚོལ་སའི་དྲ་ཚིགས་གསར་བ་མི་ཚེ་ཞེས་པ་ངོ་སྤྲོད་བཅས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་དང་ཝ་ཤིང་ཊོན་དུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་གདན་འདྲེན་ཞུས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠ པའི་ཐོག་ཏུ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་འབྱུང་རྒྱུ་དང་རྒྱ་ནག་གི་ཆབ་སྲིད། སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG