Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༥ ཚེས་༡༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བཞུགས་སྒར་དུ་སྡོམ་པ་འབོག་ཆོག་གནང་བ་དང་། བོད་ཀྱི་སྐད་ཡིག་དང་ཤེས་ཡོན་ཐད་ཀྱི་སྙན་ཐོ། ཞི་ཅིན་ཕིང་གི་ནད་ཡམས་སྟངས་འཛིན་སྲིད་ཇུས་སོགས་ལ་སྐྱོན་བརྗོད། ཡུག་ཀེ་རན་ལ་རོགས་སྐྱོར་ཁྲིམས་གཞི། སྲིད་སྐྱོང་གི་ཁེ་ན་ཌའི་ནང་གི་འཚམས་གཟིགས་ལེགས་གྲུབ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཐེངས་འདིའི་ཨ་རི་དང་ཁེ་ན་ཌའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྐུའི་ཚ་བོ་བསྟན་འཛིན་མཁས་གྲུབ་ལགས་ལ་ཡུག་ཀེ་རན་གྱི་དམག་འཁྲུག་གིས་རྒྱ་ནག་དང་ཐེ་ཝན་གྱི་ཛ་དྲག་ལ་ཤུགས་རྐྱེན་ཅི་ཐེབས་དང་ཐེ་ཝན་གཞུང་གིས་དམངས་གཙོའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་བཏང་བའི་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG