Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༢༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ཚོགས་གཙོ་སོགས་ལ་མཇལ་འཕྲད་གནང་བ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བས་སྣེ་ལེན། ཨ་རི་དང་ཨུ་རུ་སུས་བཙོན་པ་བརྗེ་རེས། ཨུ་རུ་སུས་ཡུག་ཀེ་རན་དུ་མི་རིགས་གཙང་སེལ་གྱི་ནག་ཉེས་བསགས་ཡོད་མེད། ཨ་རིའི་ནང་གི་ཏོག་ནད་ཀྱི་གནས་སྟངས་སོགས་ཡོད། དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་དུ་རྒྱ་ནག་གཞུང་གིས་ལོ་༤༡ ལྷག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་ཨ་རིའི་ཕྱོགས་ཕེབས་ཐེངས་དང་པོའི་སྐབས་སུ་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་ཅི་བྱུང་དང་། སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་གཅིག་འཁོར་གྱི་ཡོད་པའི་གྲུབ་འབྲས། སྐབས་བཅུ་དྲུག་པའི་བཀའ་ཤག་གི་བཀའ་བློན་ཆ་ཚང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་གནང་མ་ཐུབ་པའི་དགག་རྩ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་ཉེན་ཁ་སོགས་ལ་བཅར་འདྲི་ཞུས་ཡོད།།

XS
SM
MD
LG