Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཀང་རའི་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་གནང་བ་དང་། བཞུགས་སྒར་དུ་དབུ་མའི་ལམ་གྱི་ཚོགས་ཆེན་འཚོགས་པ། བོད་ཀྱི་ཞོ་སྟོན་ཐེངས་༢༥ པ་དབུ་འཛུགས། ཡུག་ཀེ་རན་གྱི་འབོད་སྐུལ། རྒྱ་ནག་གི་ཏོག་ནད་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་མཆོད་འབུལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢-༢༠༢༣་བར་གྱི་ལོ་འཁོར་སྔོན་རྩིས་དང་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་མི་ལོ་༢༠་རིང་གི་མ་དངུལ་གནས་སྟངས་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགལ་ཁང་གི་བསྟན་ཆོས་ལགས་སོགས་ལ་བྱང་ཨ་རིའི་གློག་བརྙན་ཁང་༨༠༠་ལྷག་གི་ནང་དུ་བསྟན་ཡོད་པའི་༼བོད་ནམ་ཡང་མ་བརྗེད་༽ཅེས་པའི་དངོས་བྱུང་གློག་བརྙན་ལ་བལྟས་པའི་མྱོང་ཚོར་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG