Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

Watch Full Kunleng Show Live Apr 13, 2022 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༢ཟླ་ ༤ ཚེས་༡༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བཞུགས་སྒར་དུ་ན་གཞོན་ཚོར་བཀའ་སློབ། ཏྲི་པུ་རཱ་མངའ་སྡེའི་ནང་སྲིད་བློན་ཆེན་རྡ་སར་ཕེབས་འབྱོར། པ་ཀི་སི་ཐན་གྱི་སྲིད་བློན་གནས་དབྱུང་དང་གསར་པ་བསྐོ་འཇོག སྤྱི་འཐུས་ཚོགས་གཙོ་དབུ་ཞུགས་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༥་མཇུག་སྒྲིལ། ཨོ་སི་ཊི་རི་ཡའི་སྲིད་བློན་དང་ཕུ་ཊིན་ཐུག་འཕྲད། རྒྱ་གར་ལ་ཚད་པ་ཇེ་ཆེ། ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་རིམ་པ་དང་པོ། ཧང་ཧེ་གྲོང་ཁྱེར་དུ་ནད་དུག་འགོ་མཁན་ཇེ་ཉུང་ཡོད།།  ཀུན་གླེང་ལས་རིམ་དུ་བོད་ཀྱི་མ་འོངས་མདུན་ལམ་འཚོལ་བ། འདས་པའི་ཉིན་གཉིས་རིང་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡའི་ནང་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཀུན་གླེ་ལས་རིམ་གྱིས་ཚོགས་འདུ་དེར་གཏམ་བཤད་གནང་མཁན་བོད་པ་གཞོན་སྐྱེས་གསུམ་གྱི་ལྷན་དུ་མ་འོངས་བོད་ཀྱི་མདུན་ལམ་དེ་ཇི་འདྲ་ཞིག་ལ་གོ་དགོས་པ་དང་། བོད་ཕྱི་ནང་གཉིས་ནས་མ་འོངས་པའི་བོད་ཀྱི་གནས་བབ་ལ་བསམ་ཞིབ་དང་འཐབ་ཇུས་ཇི་འདྲ་ཞིག་དགོས་པའི་སྐོར་ལ་གླེང་མོལ་ཞུས་ཡོད། 

XS
SM
MD
LG