Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཞོ་སྟོན་སྟེང་གི་ལྷ་མོ་འཁྲབ་སྟོན་པ་སོགས་ལ་མཇལ་ཁ་སྩལ་བ། རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ། ཡུག་ཀེ་རན་ནང་གི་དམག་འཁྲུག་ཐད་ནུབ་ཆིངས་སྒྲིག་འཛུགས་ཀྱི་ལངས་ཕྱོགས། རྒྱལ་ཚོགས་སུ་ཨུ་རུ་སུ་ལ་ཉེས་ཆད། རྒྱ་གར་དང་ཨུ་རུ་སུའི་འབྲེལ་ལམ་སོགས་ཡོད། དེ་རིང་གི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ལེ་ཚན་དུ་༢༠༠༡་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གློག་བརྙན་ཞིག་བལྟས་པའི་དབང་གིས་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་མིག་དམར་སྒྲོལ་མ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤཱསྟྲི་ལགས་ཀྱིས་གོ་སྒྲིག་བྱས་པའི་དཀའ་ཐུབ་ཀྱི་ལོ་ཟླ་ལེ་ཚན་གྱི་ལེའུ་གཉིས་པ། མི་རབས་སྐྱེད་སྲིང་ཞེས་པའི་ནང་། བཙན་བྱོལ་ནང་༧གོང་ས་མཆོག་གི་དགོངས་བཞེད་བཞིན་མི་རབས་གོང་མ་རྣམས་ཀྱི་ཤུལ་འཛིན་ཐུབ་མཁན་གནའ་དེང་གི་ཤེས་ཡོན་ལྡན་པའི་མི་རབས་སྐྱེད་སྲིང་གནང་བའི་སྐོར་ངོ་སྤྲོད་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG