Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

Watch Full Kunleng Show Live Apr 15, 2022 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༢ཟླ་༤ ཚེས་༡༥

ཀུན་གླེང་ལས་རིམ་དུ་དཀའ་ཐུབ་ཀྱི་ལོ་ཟླ། བཙན་བྱོལ་ནང་བོད་གསོན་གནས། བོད་མི་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་མཚམས་དེར་རིས་སུ་མ་མཆེད་པའི་ཆོས་བརྒྱུད་ཁག་ལ་བསླབ་པ་སློབ་གཉེར་གྱི་བརྟེན་གཞི་སོགས་གང་ཡང་མེད་པར་སྐུ་ངལ་ཆེན་པོ་བྱུང་ཡོད་ཅིང་། རིམ་བཞིན་༧གོང་ས་མཆོག་གི་ལམ་སྟོན་དང་ཆོས་བརྒྱུད་སོ་སོའི་དབུ་བླ་སོགས་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་ཆོས་སྡེ་བཙུགས་ཤིང་། དེ་སྔ་བོད་ནང་གི་སློབ་གཉེར་ལས་ཀྱང་ཕུན་གསུམ་ཚོགས་པ་བྱུང་ཡོད་པ་རེད། ལེ་ཚན་འདིའི་ནང་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཆོས་རིག་འཛིན་སྐྱོང་ལ་གྲུབ་འབྲས་ལྡན་པའི་ལས་དོན་གང་ལེགས་བསྒྲུབས་ཐུབ་ཡོད་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱིས་འཛམ་གླིང་སྤྱི་ལ་ལེགས་སྐྱེས་ཇི་ལྟར་ཕུལ་པ་སོགས་ངོ་སྤྲོད་ཞུས་ཡོད།།

XS
SM
MD
LG