Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༢༢

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་། དེ་བཞིན་དུ་ཕོ་བྲང་དུ་འཛམ་གླིང་གོ་ལའི་ཉིན་མའི་སྲུང་བརྩི་གནང་བ། ཡུག་ཀེ་རན་ནང་གི་དམག་འཁྲུག་གི་གནས་སྟངས། དབྱིན་ཇིའི་སྲིད་བློན་གྱི་རྒྱ་གར་འཚམས་གཟིགས། ཧྥ་རན་སིའི་འོས་བསྡུ་སོགས་ཡོད། དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མདོ་སྨད་བསང་ཆུ་རྫོང་འབོ་ར་གྲོང་གི་ལྷ་མོ་སྒྲོལ་དཀར་དང་། མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་གི་སྒྲོལ་མ་མཚོ་གཉིས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་དཀའ་ཐུབ་ཀྱི་ལོ་ཟླ། བཙན་བྱོལ་ནང་བོད་གསོན་གནས་ཞེས་པའི་མུ་འབྲེལ་ལེ་ཚན་གྱི་ལེའུ་བཞི་པ། མང་གཙོ་དང་རང་དབང་འཐབ་རྩོད་ཅེས་པ་གོ་སྒྲིག་བྱས་ཡོད། ལེ་ཚན་འདིས་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་གཞུང་གི་སྒྲོམ་གཞི་མང་གཙོ་ཅན་ལག་བསྟར་གནང་བ་དང་ཆབས་ཅིག རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ནུས་པ་དམ་འཛིན་བྱས་ཏེ་རྒྱ་ནག་གིས་བོད་རྨེག་མེད་བཟོ་ཐབས་བྱས་ཀྱང་རྒྱལ་སྤྱིའི་ནང་དུ་བོད་དོན་གསོན་པར་གནས་པའི་སྐོར་ངོ་སྤྲོད་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG