Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༢༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལོ་འདིར་ལ་དྭགས་སུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ཡུག་ཀེ་རན་ནང་གི་དམག་འཁྲུག་གི་གནས་སྟངས། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན། པ་ཀི་སི་ཐན་གྱི་སྲིད་བློན་གཙོས་པའི་བློན་ཆེན་ཁག་གི་དམ་འབུལ། རྒྱ་ནག་ཏུ་ཏོག་ནད་ཁྱབ་ཚད་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་འཛིན་ནོར་རྒྱས་ལགས་ལ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་བཏོན་པ་མ་ཐག་པའི་༢༠༢༡་ལོའི་འཛམ་གླིང་རྒྱལ་ཁབ་༡༩༠་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ནང་གི་གནས་སྟངས་ལ་གདེང་འཇོག་བྱས་ཡོད་པའི་ལོ་འཁོར་སྙན་ཐོའི་འཁོད་དོན་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་རྒྱའི་འབྲེལ་མོལ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སུ་༢༠༠༢ ནས་༢༠༡༠ བར་གྱི་བོད་རྒྱའི་འབྲེལ་མོལ་གྱི་རྒྱུད་རིམ་དང་གྲུབ་འབྲས། བོད་དོན་ཐག་གཅོད་བྱེད་དཀའ་བའི་འགག་རྩ། ཉམས་མྱོང་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG