Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༤ ཚེས་༢༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིའི་རྒྱལ་སར་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང་བ་དང་། ཨ་རིའི་ནང་དུ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་ལས་འགུལ་སྤེལ་བ། ཨ་རིའི་དྲུང་ཆེ་གཉིས་ཀྱི་ཡུག་ཀེ་རན་ནང་གི་འཚམས་གཟིགས། ཧྥ་རན་སིའི་འོས་བསྡུ། རྒྱ་ནག་པེ་ཅིང་དུ་ཏོག་ནད་ཀྱི་ཞེད་སྣང་སོགས་ཡོད། ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉི་མ་འོད་ཟེར་ལགས་ལ། ལས་ཁང་དེ་ཡིས་སྤེལ་བའི་༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ལོ་འཁོར་སྙན་ཐོའི་རྙེད་དོན་དང་འབོད་སྐུལ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་སི་པེན་གྱི་བྷར་སི་ལོ་ན་གྲོང་ཁྱེར་གྱི་བོད་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ཆེན་ལགས་ལ་ཁོང་གིས་བོད་དང་བོད་པའི་སྐུ་ཚབ་ལྟར་པོ་ལན་ཌིའི་ནང་གི་ཡུག་ཀེ་རན་གྱི་སྐྱབས་བཅོལ་བའི་ལྟེ་གནས་ཤིག་ཏུ་དངུལ་སྒོར་ཞལ་འདེབས་ཕུལ་ནས་རོགས་སྐྱོར་བྱས་པ་སོགས་ལ་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG