Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༥ ཚེས་༡༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་ལྷོ་ཤར་ཨེ་ཤི་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་འགོ་ཁྲིད་ཚོར་མཇལ་འཕྲད་གནང་བ་དང་། ཏོག་ནད་ལ་གདོང་ལེན་བྱེད་ཕྱོགས་ཐད་ཀྱི་འཛམ་གླིང་ཚོགས་ཆེན། ཨ་རིའི་དཔལ་འབྱོར་སྲིད་ཇུས། ཡུག་ཀེ་རན་ལ་རོགས་སྐྱོར། ཀིརྟི་བྱེས་པ་གྲྭ་ཚང་གི་བསླབ་པ་མཐར་སོན་མཛད་སྒོ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གི་དྲ་ལམ་དུ་སྐད་གྲགས་བྱུང་བའི་ལི་ཐང་བསྟན་འཛིན་དང་འབྲེལ་བའི་བརྡ་ཁྱབ་དང་། ཨོ་གླིང་གི་གྲོས་ཚོགས་འཐུས་མིར་འགྲན་ཞུགས་བྱེད་བཞིན་པའི་བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱི་དྲ་ཚིགས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ནང་དུ་བོད་མདོ་ཁམས་ཡུལ་ཤུལ་ནས་ཡིན་པ་བོད་ཀྱི་གཞས་པ་བློ་བློ་ལགས་(ཕྱི་ལོ་ ༢༠༡༢ ལོར་འཛིན་བཟུང་)དང་། གླུ་ཚིག་རྩོམ་པ་པོ་བློ་བཟང་སྦྱིན་པ་(༢༠༡༣ ལོར་འཛིན་བཟུང་) ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ཀྱིས་ཨ་རིའི་ནུབ་ཕྱོགས་མཚོ་རྒྱུད་ཀྱི་བོད་པའི་སྤྱི་མཐུན་ཚོགས་པ་ཁག་མཉམ་འབྲེལ་གྱིས་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་སྟོན་གཟབ་རྒྱས་ཤིག་འཚོགས་ཀྱི་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།

XS
SM
MD
LG