Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

TV

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༥ ཚེས་༢༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང་། སྲིད་འཛིན་བྷ་ཌན་གྱིས་ཨེ་ཤེ་ཡ་ལ་འཚམས་གཟིགས་གནང་བཞིན་པ་དང་ཡུག་ཀེ་རན་ལ་འཚམས་གཟིགས་གནང་སྲིད་མིན། ཡུག་ཀེ་རན་དམག་འཁྲུག་གནས་སྟངས། ཐེ་ཝན་གྱི་ཆོས་ཚོགས་ཤིག་ཏུ་མེ་མདའ་བརྒྱབ་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༧གོང་ས་མཆོག་གི་ལེགས་བཤད་བཀོལ་ཆས་དང་བོད་ནང་གི་རྒྱ་མི། བོད་པའི་ཁྲོམ་ཟས་ལྔ། ཛ་དྲག་མྱུར་སྐྱོབ་ལ་དགོས་པའི་རྒྱུན་ཤེས་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་ཁ་པར་བཀོལ་ཆས་བཟོས་པར་བཀའ་འདྲི་ཞུས་པ་བཅས་ཡོད།། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་སུ་རྒྱ་ནག་དམར་ཤོག་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དེས་ཉེ་དུས་རྒྱ་ནག་མི་དམངས་རྣམས་ཀྱི་འཚོ་གནས་དང་དཔལ་འབྱོར། ཆབ་སྲིད་སོགས་ལ་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG