Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༡༢

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ལ་དྭགས་ཟངས་དཀར་གྱི་མཛད་འཕྲིན་དང་། བོད་ནང་གི་ཏོག་ནད་ཀྱི་གནས་སྟངས། དབྱིན་ཇིར་སླེབས་པའི་ཡུག་ཀེ་རན་གྱི་སྐྱབས་བཅོལ་བ་དང་པ་ཀི་སི་ཐན་ནང་གི་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ། ཐེ་ཝན་གྱི་རྒྱལ་སྲུང་། ཕྱི་སྲིད་དྲུང་ཆེའི་ཨ་ཧྥེ་རི་ཀའི་འཚམས་གཟིགས་བཅས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་མི་བཙན་བྱོལ་བའི་གཏམ་རྒྱུད་ཀྱི་པར་དེབ། སོ་སོའི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག ཁམས་པའི་སྨྱུག་ཚོགས་ཀྱི་དྲ་ཚིགས་གསར་པ་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་བོད་དུ་བཞུགས་པའི་སྐབས་རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བའི་འབད་རྩོལ་ཇི་ལྟར་བྱས་པ་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་གྱིས་སྟག་ལྷ་རྒྱལ་ལགས་ལ་ཁོང་གིས་བསྒྱུར་བའི་རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་གྱི་དཔེ་དེབ། བོད་ཁམས་སུ་བྱུང་བའི་གསང་བའི་དམག་འཁྲུག་ཅེས་པའི་ཐད་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG