Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༡༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གཞིས་བཞུགས་བོད་མི་རྣམས་ལ་ནད་ཡམས་ཀྱི་ཁྲོད་འདིར་ཡིད་གཟབ་གནང་དགོས་པ་དང་། ཡུག་ཀེ་རན་དང་འབྲེལ་བའི་གྲོས་མོལ། ཨི་རན་གྱི་རྡུལ་ཕྲན་ལས་འཆར། རྒྱ་ནག་གི་ཉི་གློག་བཟོ་ལས་ལ་གདོང་ལེན། ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་ཐུན་མོང་བདེ་འཇགས། ཨབ་གྷ་ཎི་སི་ཐན་ལ་རོགས་སྐྱོར་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་གི་༼ནད་ཡམས་རྩ་མེད་ཀྱི་སྲིད་ཇུས། ༽ ་ལ་དྲ་མང་གི་བསམ་ཚུལ་དང་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཟླ་གསལ་གྱི་གློག་བརྙན་དྲ་ཚིགས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་དཀར་མཛེས་དགེ་བཤེས་བསོད་ནམས་ཕུན་ཚོགས་ལགས། ཇི་ལྟར་བཙོན་འཇུག་བྱས་སྟངས་དང་དཀའ་སྡུག་ག་འདྲ་མྱངས་སྟངས་སོགས་ཀྱི་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་དེ་གསན་རོགས་གནང། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ལ་༡༩༣༠་ནས་༡༩༥༠་ཐམ་པའི་བར་དུ་བོད་དང་ཨ་རིའི་བར་དུ་གཞུང་འབྲེལ་གྱི་བལ་ཚོང་ཚུགས་པ་དང་དེའི་ཁེ་ཕན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG