Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

TV

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༨ ཚེས་༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་ལོ་སིས་ཐེ་ཝན་དུ་འཚམས་འདྲི་གཟིགས་སྐོར་གནང་བ་དང་། ཨལ་ཁ་དྷའི་འགོ་ཁྲིད་གཏེ་བོ་དེ་བསད་པ། རྒྱ་ནག་གིས་ཨ་ཧྥེ་རི་ཀར་འགོ་ཁྲིད་གསོ་སྐྱོང་ཁང་ཚུགས་ནས་ཤུགས་རྐྱེན་འཇོག་བཞིན་པ། ཨུ་རུ་སུས་དམག་འཁྲུག་ལ་ངོ་རྒོལ་གྱི་ཁྲིམས་སྒྲིག་གཏན་འབེབ་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་པདྨ་རྡོ་རྗེ་ལགས་ཀྱིས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་དང་ལྷན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སེ་ པེ་ལོ་སི་ནི་མདང་དགོང་ཐེ་ཝན་དུ་སླེབས་ནས་དེ་རིང་ཐེ་ཝན་དུ་མཇལ་འཕྲད་དང་གཏམ་བཤད་སོགས་གནང་ཡོད་པ་དང་། ཚོགས་གཙོ་ལགས་ཀྱི་ཐེ་ཝན་འཚམས་གཟིགས་ཐད་ཨ་རི་དང་མཚོ་འགག་ཕྱོགས་གཉིས་སུ་རྣམ་འགྱུར་ག་འདྲ་ཞིག་བསྟན་པ་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG